གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༤ཉིན།

བོད་རིགས་བུ་མོ་འདི་དངོས་གནས་གྱོང་པོ་བྱུང་།


སྤེལ་དུས 2020-01-13 ཡོང་ཁུངས། རྩོམ་པ་པོ།
          ཟླ་1ཚེས་10ཉིན། སུའེ་ཙེར་གྱི་བློ་སང་དུ་གཉེར་བའི་དགུན་དུས་གཞོན་ནུའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པར། གངས་ཤུད་རི་འཛེག་དང་རྐང་འཛུགས་རྐྱང་པའི་གངས་ཤུད་དར་གཡོལ་འགྲན་རེག་རྣམ་གྲངས་ནང་བོད་རིགས་བུ་མོ་བསོད་ནམས་ཆོས་སྒྲོན་གྱིས་ཨང་4པ་བླངས་པ་རེད། 

          བསོད་ནམས་ཆོས་སྒྲོན་གྱི་འགྲན་བསྡུར་ཐོག་མར་ལམ་ལྷོངས་དེ་ཙམ་བྱུང་མེད། གང་ལགས་ཤེ་ན། དེ་གོང་འགྲན་བསྡུར་ཆེ་མོ་འདི་ལྟ་བུར་ཁོ་མོ་ཞུགས་མྱོང་མེད་སྟབས། གངས་ཤུད་གློད་འགོ་ཚུགས་སྐབས་ལུས་རྩལ་པ་གཞན་དང་ཕན་ཚུན་འཚང་ཀ་བརྒྱབ་ནས། སྔོན་ལ་ཤོར་ཐུབ་མེད་མོད། ཡིན་ནའང་སྡུག་རུས་ཁྱོག་པའི་བུ་མོ་དེས་འགྲན་བསྡུར་གྱི་རྗེས་མར་རིམ་བཞིན་ལུས་རྩལ་པ་གཞན་གྱི་རྗེས་ཟིན་པའི་ཁར་ཁོང་ཚོ་ལས་རྣམ་པར་རྒྱལ་བ་དང་། མཐར་ཆུ་ཚོད་1དང་སྐར་མ་2སྐར་ཆ་8.99ཡི་གྲུབ་འབྲས་ཀྱིས་ཨང་བཞི་པ་བླངས་པ་རེད། 

          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དགུན་དུས་གཞོན་ནུའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སུ་ཀྲུང་གོའི་འཐུས་མི་ཚོགས་པས་ལུས་རྩལ་པ་109བཏང་བས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཡིན་པ་དང་། དེའི་ནང་གངས་ཤུད་རུ་ཁག་གི་བུད་མེད་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་དང་ཉི་མ་དབྱངས་ཅན་གཉིས་ཀ་རང་ལྗོངས་ཀྱི་ཕུལ་བྱུང་ལུས་རྩལ་པ་རེད། 

          2017ལོར། གངས་ཤུད་རི་འཛེག་2020ལོའི་དགུན་དུས་གཞོན་ནུའི་ཨོ་ལིམ་ཕིག་སྐབས་གསུམ་པའི་འགྲན་བསྡུར་རྣམ་གྲངས་ལ་དངོས་སུ་གྱུར་ཡོད། ཉེ་བའི་ལོའི་རིང་། རྒྱལ་སྤྱིའི་གངས་ཤུད་རི་འཛེག་མནའ་འབྲེལ་གྱིས་ད་བར་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཁས་ལེན་བྱེད་པར་བརྩོན་ལེན་ཧུར་ཐག་བྱས་པ་མ་ཟད། མཐར། གངས་ཤུད་རི་འཛེག་རྣམ་གྲངས་འདི་ཉིད་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་གྱི་འགྲན་བསྡུར་རྣམ་གྲངས་ལ་དངོས་སུ་འགྱུར་རེ་བྱེད་ཀྱི་ཡོད་པ་རེད། 
39.7K

རྩོམ་ཡིག་སྔོན་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1