བདེ་ཆེན་གྱི་ཡུལ་མིས་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 01-14


  




    དཔྱིད་གསར་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་འབྲིང་ཆུང་གསུམ་དུ་ཧ་ཅང་འདུ་འཛི་ཆེ་སྟེ།ཡུལ་མི་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལོ་སར་གྱི་མཁོ་ཆས་ཉོས་ནས་རབ་རྒྱན་ལྕགས་བྱི་ལོའི་ལོ་སར་ལ་གྲ་སྒྲིག་བྱེད་བཞིན་ཡོད།



    ཟངས་རྟ་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཁྲོམ་རར་ལོ་སར་གྱི་མཁོ་ཆས་སྣ་ཚོགས་ཏེ་ཆ་ཡིག་དང་། ཤིང་ཕོར། ཐང་ག ལོ་གསར་གྱི་རི་མོ། ལྒང་ཞུ། གྱོན་གོས། ཟས་རིགས་སྣ་ཚོགས་ཀྱིས་ཁེངས་པ་དང་གང་དགོས་ཚང་མ་འཛོམས་འདུག ལྷག་པར་དུ་ས་གནས་རང་གི་ཁྱད་ལྡན་ཐོན་རྫས་ནོར་ཤ་དང་།ཐུད།མར་སོགས་ལ་ཡུལ་མི་རྣམས་ཀྱི་དགའ་བསུ་ཐོབ་བཞིན་ཡོད།



    གཞན་སྒོ་རྩིས་ཚོང་ཁང་སོ་སོར་ལོ་སར་གྱི་མཁོ་ཆས་བར་ཁྱམས་སྒྲིག་ཡོད་པ་དང་དེའི་ཐོག་སྐོམ་ཆུ་དང་། ཇ་ཆང་།ཀ་ར་སོགས་ཟས་རིགས་སྣ་ཚོགས་བཞག་ཡོད།ལོ་སར་གྱི་མཁོ་ཆས་ཉོ་མཁན་ཚོས་ངོ་ལ་འཛུམ་མདངས་ཀྱིས་ཁེངས་ནས་ལོ་སར་གྱི་མཁོ་ཆས་སྣ་ཚོགས་ཉོ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1