ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་ཚོགས་པ་ཡི་འགོ་ཁྲིད་མི་སྣའི་ཐེངས་དགུ་པའི་རྩེ་འཛོམས་གྲོས་ཚོགས་ཀྱི་སྐོར་དང་པོའི་གྲོས་ཚོགས་སུ་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


         སྤྱི་ཟླ་11པའི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཐྲ་ལི་ཡའི་པུའུ་ལི་སི་པན་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པ་ཡི་འགོ་ཁྲིད་མི་སྣའི་ཐེངས་དགུ་པའི་རྩེ་འཛོམས་གྲོས་ཚོགས་ཀྱི་སྐོར་དང་པོའི་གྲོས་ཚོགས་སུ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཉམ་འབྲེལ་གོང་སྤེལ་མངོན་འགྱུར་ཡོང་བར་བྱེད་པ་ཞེས་པའི་གསུང་བཤད་གནང་།

        ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་རྒྱས་ནི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཞིག་ཡིན་ཏེ། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་སྔོན་རྩིས་བྱས་པར་གཞིགས་ན། ཀྲུང་གོ་ནི་རྒྱལ་ཁབ་ཉི་ཤུའི་ཚོགས་པ་ཡི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ལ་བྱས་རྗེས་འཇོག་མཁན་ཆེ་ཤོས་ཀྱི་གྲས་ཤིག་ཡིན། འདི་འདྲའི་བྱས་རྗེས་ནི། ཀྲུང་གོ་རང་སྟེང་གི་བརྟན་བརླིང་འཕེལ་རྒྱས་དང་། སྒྲིག་གཞི་ལེགས་སྒྲིག བཅོས་བསྒྱུར་སྐུལ་འདེད། དམངས་འཚོ་ལ་ཕན་པ་སོགས་ཀྱི་སྲིད་ཇུས་བྱེད་ཕྱོགས་ལས་བྱུང་བ་རེད། ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་ཚོགས་པར་ཕུལ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་ནང་དུ། འདི་འདྲའི་ལས་རིགས་134ཡི་སྲིད་ཇུས་བྱེད་ཕྱོགས་འདུས་ཡོད་པས། ཀྲུང་གོས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་རྩ་དོན། ལག་ལེན་སོགས་མཚོན་པར་བྱས་ཡོད། མ་འོངས་པའི་ལོ་ལྔ་ཡི་ནང་དུ། ང་ཚོས་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་10ཡི་ཚོང་རྫས་ལས་བརྒལ་བ་དང་། ཕྱི་ཕྱོགས་སུ་མ་རྩ་གཏོང་ཚད་ཨ་སྒོར་དུང་ཕྱུར་5000ལས་བརྒལ་བར་བྱ་རྒྱུ་ཡིན། འདི་དག་གིས་འཛམ་གླིང་གི་དཔལ་འབྱོར་ལ་དགོས་མཁོ་སྔར་ལས་མང་པོ་ཞིག་མཁོ་འདོན་དང་། ཁྲོམ་རའི་གོ་སྐབས་སྔར་ལས་མང་པོ་ཞིག་གསར་གཏོད། མ་དངུལ་གཏོང་འཇོག་དང་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་ཞིག་མཁོ་འདོན་བྱས་ཡོད། 2016ལོར་རྒྱལ་ཁབ་ཉི་ཤུའི་ཚོགས་པ་ཡི་འགོ་ཁྲིད་མི་སྣའི་རྩེ་འཛོམས་གྲོས་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོས་སྔར་ལས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་སྒོ་ནས་བྱས་རྗེས་དང་ནུས་པ་འདོན་འདོད་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1