ནེ་པ་ལར་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་བྱས་ནས་མཚོ་སྔོན་གྱི་མཛེས་སྡུག་མངོན་པར་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-16


     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། “2020ལོའི་ཀྲུང་གོ་ཤེས་ཚོར། མཛེས་པའི་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན”ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་བྱས་པ་དང་། ནེ་པ་ལའི་ལྟ་སྐོར་བ་མང་པོ་ཞིག་གིས་་པར་རིས་དང་ཐང་ག་སོགས་ཀྱི་འགྲེམས་རྫས་བརྒྱུད་མཛེས་སྡུག་རྣམ་པར་བཀྲ་བའི་མཚོ་སྔོན་མྱོང་ཚོར་བྱུང་ཡོད།
     མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ད་རེས་ཀྱི་སྒྱུ་རྩལ་འགྲེམས་སྟོན་དེ་ནི་གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཁྱིམ་གཞིས་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་བྱ་ཡུལ། གྲངས་ཉུང་མི་རིགས་ཀྱི་དགའ་ཚལ་སོགས་རིགས་5ཡི་ཁྱོན་པར་རིས་200ཙམ་གྱི་ཐོག་ནས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
     མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཏུང་ཆེ་རེན་གྱིས་གཏམ་བཤད་སྤེལ་སྐབས། ད་རེས་འགྲེམས་སྟོན་གྱི་དམིགས་ཡུལ་ནི་མཚོ་སྔོན་དང་ནེ་པ་ལའི་དབར་འབྲེལ་གཏུག་གི་ཟམ་པ་ཞིག་བཙུགས་ནས་ཀྲུང་གོ་དང་ནེ་པ་ལའི་དབར་རིག་གནས་དང་དཔལ་འབྱོར་སོགས་ཕྱོགས་ཁག་གི་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བརྗོད།

     ནེ་པ་ལའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་དཔོན་རིགས་ཚུད་པའི་ནེ་པ་ལའི་ཕྱོགས་ཀྱི་སྐུ་མགྲོན་མང་དག་ཅིག་གིས་ད་རེས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་མ་ཟད། ལས་རིགས་ཁག་གིས་ཐུན་མོང་ཐོག་ནེ་ཀྲུང་གི་མཛའ་གྲོགས་དང་མཉམ་ལས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1