ལི་ཁང་ཉག་ཆུ་རྫོང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་སྐབས་མུ་མཐུད་དེ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་ཤུགས་ཆེན་གཏང་དགོས་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-17


ལི་ཁང་ཉག་ཆུ་རྫོང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་སྐབས་མུ་མཐུད་དེ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་ཤུགས་ཆེན་གཏང་དགོས་ཞེས་གསུངས།

   སྤྱི་ཟླ་དང་པོའི་ཚེས14ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་ཉག་ཆུ་རྫོང་གི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་པ་དང་། ཁོང་གིས2019ལོའི་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། མུ་མཐུད་དེ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་ཤུགས་ཆེན་གཏང་དགོས་པའི་གྲོས་འགོ་བཏོན་པ་རེད། ཁོང་གིས་ཞའོ་ཡིའུ་ཚའེ་ཡིས་ཁུལ་མི་དམངས་སྲིད་གཞུང་གིས་ཚབ་མཛད་དེ་ཞུས་པའི་སྲིད་གཞུང་ལས་དོན་སྙན་སྒྲོན་གྱི་གནས་ཚུགས་ས་མཐོ་ཞིང་གོ་རིམ་གསལ་ལ་ནང་དོན་དོན་དངོས་དང་མཐུན་ཡོད། གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། གནད་དོན་དབྱེ་ཞིབ་བྱས་པ་དོན་མཐུན་དྲང་གཞག་ཡིན་པ། ལས་དོན་བཀོད་སྒྲིག་བྱས་པ་ལུགས་དང་མཐུན་པ་བཅས་ཡིན་པས། དེའི་ཐོག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད་པ་མཚོན་ཐུབ་ཅིང་། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་རིམ་ཁོང་དུ་ཡང་དག་པ་ཆུད་པར་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས2020ལོའི་ལས་དོན་དམིགས་འབེན་དང་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད་གསུངས་པ་རེད།

    ལི་ཁང་གིས་གསུངས་དོན། འདས་པའི་ལོ་གཅིག་གི་ནང་ལ། ཁུལ་མི་དམངས་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཨུའི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཏུ། ཞིང་ཆེན་ཏང་ཨུའི་“གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་གཏོང་བ”དང་“ཕྱོགས་བཞི་རྒྱ་སྐྱེད་དང་ཁོངས་ཡོངས་སྒོ་འབྱེད”ཀྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བྱས་ནས། དཔལ་འབྱོར་འཕར་སྣོན་མགྱོགས་པོ་ཡོང་བ་དང་དམངས་འཚོ་རྒྱུན་མཐུད་ལེགས་བཅོས་ཡོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་པ་བཅས་ཀྱི་གནས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། གཅིག་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་ཕྱིན་ཡོད། གཉིས་ནི་དབུལ་ཐར་འགག་སྒྲོལ་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གསུམ་ནི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཕྱིན་ཡོད། བཞི་ནི་གྲོང་སྡེ་དར་རྒྱས་གཏོང་བར་བཀྲག་མདངས་དུ་མར་འཚེར་ཡོད། ལྔ་ནི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་པ་སྲུང་འཛིན་ཐུབ་ཡོད།

     ལི་ཁང་གིས་གྲོས་འགོ་བཏོན་དོན། 2020ལོར།  ཁུལ་དང་རྫོང་སྲིད་གཞུང་གིས་ཞིང་འབྲོག་དམངས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་ཤུགས་དེ་བས་ཤུགས་ཆེན་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་མགྱོགས་པོར་གཏོང་ཞིང་། གཞི་ཁྱོན་ཆགས་པ་དང་མཐུན་རྐྱེན་བཟང་པོ་ཡོད་པ། ཟོང་རྟགས་ཆགས་སུ་བཅུག་པ་བཅས་བྱེད་ཅིང་། མུ་མཐུད་དེ་རིག་སྐྱོར་དང་ངར་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གསོ་སྐྱོང་ལས་གྲྭ་ལག་ལེན་ཤུགས་ཆེན་བྱེད་ཅིང་། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དེ་བས་བསླང་དགོས་ཤིང་། ལྷག་པར་དུ་ཐག་རིང་ལུང་ཁུག་དུ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་བསླངས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། ཆ་རྐྱེན་འཛོམས་པའི་རྫོང་གིས་རྫོང་ཁོངས་གྲོང་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་འཛུགས་སྐྱོང་བྱེད་པར་སྐུལ་མ་བྱ་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1