2019ལོའི་འཛམ་གླིང་གི་ཁྲལ་བསྡུའི་དོན་ཆེན་བཅུ་ཡོངས་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-17



    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་15ཉིན་2019ལོའི་འཛམ་གླིང་གི་ཁྲལ་བསྡུའི་དོན་ཆེན་བཅུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། “ཀྲུང་གོས་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་པ”སོགས་དོ་སྣང་ཆེན་པོ་བྱུང་བའི་རྒྱལ་ཁབ་ཕྱི་ནང་གི་ཁྲལ་བསྡུའི་དོན་ཆེན་བཅུ་བདམས་པ་རེད།
    ཐེངས་འདིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནི་ཀྲུང་གོ་རྒྱལ་སྤྱིའི་ཁྲལ་བསྡུ་ཞིབ་འཇུག་མཐུན་ཚོགས་དང་། ཀྲུང་གོ་ཁྲལ་དོན་དུས་བདེ་ཁང་། ཀྲུང་གོ་ཁྲལ་དོན་ཚགས་པར་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་རེད། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འཛམ་གླིང་ཁྲལ་དོན་དོན་ཆེན་བཅུའི་དཔྱད་འདེམས་ལོ་6བསྟུད་མར་སྤེལ་བ་དང་། དཔྱད་འདེམས་བྱེད་སྒོ་དེས་རྒྱལ་སྤྱིའི་ཁྲལ་དོན་ལ་དམིགས་ནས་དབང་གྲགས་ལྡན་པའི་ནོར་དཔལ་རྩ་འཛུགས་དང་ཚན་པས་མཁོ་འདོན་བྱས་པའི་ཆ་འཕྲིན་དག་དཔྱད་གཞིའི་ཡོང་ཁུངས་སུ་བརྩིས་ཤིང་། ཚན་ཞིབ་ཁང་དང་། ཁེ་ལས་ལས་རིགས། མཚམས་སྦྱོར་སྒྲིག་གཞི། གསར་འགྱུར་སྨྱན་སྦྱོར་སོགས་ཕྱོགས་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ་གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད། ལེགས་པའི་ནང་གི་ལེགས་ཤོས་བདམས་ཏེ་ལོ་འདི་གའི་འཛམ་གླིང་གི་ཁྲལ་བསྡུའི་དོན་ཆེན་བཅུ་ཐོན་པ་རེད།
    ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས། རྒྱལ་སྤྱིའི་ངོས་ནས་2019ལོར་ཁྲལ་བསྡུ་བཀྲག་མདངས་འཚེར་ས་ཧ་ཅང་མང་ལ། རང་རྒྱལ་གྱིས་ལག་བསྟར་བྱས་པའི་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ནི་མངོན་གསལ་ཆེ་ཤོས་ཡིན་པ་དང་། ལོ་ཧྲིལ་པོའི་ཁྲལ་རིན་གཉིས་གཅོག་གི་གཞི་ཁྱོན་བསྡོམས་སྒོར་དུང་ཕྱུར་ཁྲི་2ལྷག་ཙམ་ཟིན་ཏེ་གཞི་རྩའི་ཆ་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཕྱིན་པ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་ཐོག དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་མཚམས་སུ་རྒྱུན་འཁྱོངས་ཐུབ་པར་འདེགས་སྐྱོར་གལ་ཆེན་བྱས་པས། ཤུགས་ཚད་ཆེ་བ་དང་ཕན་ཐོགས་པའི་གཞི་ཁྱོན་ཆེན་པོ་ཡོད་པ་དེ་སྔར་བྱུང་མེད་པ་ཞིག་རེད་ཅེས་ཡོངས་ཁྱབ་ངང་ངོས་འཛིན་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1