གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༡༧ཉིན།

༄༅།། རྟའུ་ཡི་རི་ཆུའི་མཛེས་སྡུག


རྟའུ་འགྱུར་མེད་ནི་མཛེས་སྡུག་ལྡན་ཞིང་བཀྲ་ཤིས་པའི་དཀར་མཛེས་ནོར་འཛིན་སྒེག་མོར་སྐྱེས་པས་གནས་དེ་ལ་དུངས་ཤིང་དེ་ལ་བསྟོད།

        སྤྱི་ལེ་གྲུ་བཞི་མ་ཁྲི15.6ཡོད་པའི་དཀར་མཛེས་ལ་ཕུལ་བྱུང་གི་མི་རིགས་རིག་གནས་ཀྱི་འོད་སྟོང་འཕྲོས་ཏེ་དཔའ་ངར་ལྡན་ལ་གཤིས་རྒྱུད་བཟང་ཞིང་ཁོག་རྒྱ་ཡངས་པའི་དཀར་མཛེས་མི་དམངས་གསོ་སྐྱོང་བྱས་ཡོད། དཀར་མཛེས་ཀྱི་མཛེས་སྡུག་ནི་རྒྱ་ཆེ་ལ་སྣ་འཛོམས་ཤིང་གཏིང་ཟབ་ལ་མཐའ་ཡས་པ་ཞིག་ཡིན། བཅོས་མིན་གྱི་འཛུམ་མདངས་རེ་རེ་དང་ལྷན་སྐྱེས་ཀྱི་ཡུལ་ལྗོངས་རེ་རེས་སྐྱེས་བོ་ཀུན་གྱི་ཡིད་ཀྱི་དང་བ་འདྲེན་ཞིང་མིག་གི་དབང་པོ་འཕྲོག་པས་པར་ལེན་པ་ཡི་ཞིང་ཁམས་སུ་ཆགས། པར་ཆས་ཀྱི་འཕྲུལ་རྩལ་ལ་བརྟེན་ནས་མཛེས་སྡུག་དེ་དག་ཕབ་པར་དུས་ནམ་ཡང་དགའ་སྣང་ལས་སྐྱོ་གདུང་མེད། པར་ལེན་གྱི་འགྲོ་ལམ་དུ་འཚོལ་སྙེགས་བྱས་པ་ཡིས་རྟའུ་འགྱུར་མེད་ཀྱི་རང་གཤིས་ཕྱི་རུ་མངོན་ཏེ་རང་བྱུང་དང་སྤྱི་ཚོགས། མི་རིགས་ལ་བརྩེ་སེམས་ཟབ་མོ་བཅངས། མི་གཞན་གྱི་ཚད་གཞིས་རང་ཉིད་འཇལ་བར་བྱས་མེད་པར་དུས་ནམ་ཡང་རང་ཉིད་དགའ་ཕྱོགས་དེ་ཆེས་ཡག་ཤོས་ཡིན་པའི་ལྟ་བ་དེ་རྒྱུན་འཁྱོངས་བྱས། རྟའུ་འགྱུར་མེད་ཀྱིས་བསམ་ན་རིན་ཐང་ལྡན་པའི་གཡུ་ཞིག་ཡིན་ན་དེ་ལ་ལྷད་སྐྱོན་ཕྲན་བུ་ཡོད་ན་ད་གཟོད་གཞན་གྱི་མིག་དབང་འཕྲོག་སྟེ་ཀུན་གྱིས་དཔྱད་བརྗོད་གནང་བས་བག་ཆགས་ཟབ་མོ་འཇོག་ཐུབ་པ་ལྟར་རང་ཉིད་ཀྱི་བརྩམས་ཆོས་ཀྱང་དེ་ལས་མ་འདས་སོ། 





39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1