G20རྩེ་འཛོམས་གྲོས་ཚོགས་ཀྱི་འགོ་ཁྲིད་མི་སྣའི་སྐུ་ལྕམ་རྣམས་ཀྱིས་མཉམ་པར་བླངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


          སྤྱི་ཟླ་11པའི་ཚེས་17ཉིན། ཨོ་སི་ཐྲ་ལི་ཡ་རུ་འཚོག་བཞིན་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་པ་ཡི་འགོ་ཁྲིད་མི་སྣའི་ཐེངས་དགུ་པའི་རྩེ་འཛོམས་གྲོས་ཚོགས་ཀྱི་འགོ་ཁྲིད་མི་སྣའི་སྐུ་ལྕམ་གྱི་མཉམ་པར་ལེན་པའི་མཛད་སྒོ་དེ་པུའུ་ལི་སི་པན་གྲོང་ཁྱེར་དུ་སྤེལ་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ལྕམ་ཕེང་ལི་ཡོན་གྱིས་མེ་ཏོག་གི་མཛེས་རིས་ཕབས་པའི་གོན་པ་སྔོན་པོ་ཞིག་གྱོན་ཡོད་འདུག

            རྒྱལ་ཁབ་ཉི་ཤུའི་ཚོགས་པ་སྟེ། བསྡུས་མིང་ལ་G20ཞེས་འབོད་པའི་གྲོས་ཚོགས་འདི་ཡིས། བཟོ་ལས་ཅན་གྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་བར་གྱི་དངོས་ཡོད་རང་བཞིན་གྱི་གནད་དོན་ལ་དགེ་མཚན་ལྡན་པའི་དཔྱད་བསྡུར་དང་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་བ་དམིགས་ཡུལ་དུ་བཟུང་ནས། རྒྱལ་ཁབ་ཕན་ཚུན་མཉམ་ལས་བྱེད་པ་དང་རྒྱལ་སྤྱིའི་དངུལ་རྩ་བརྟན་འཇགས་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་ཀྱི་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བཅས་བྱེད་པར་སྐུལ་འདེད་གཏོང་གི་ཡོད། G20ཡི་ཚོགས་ཞུགས་རྒྱལ་ཁབ་དག་ནི། གཙོ་བོ་ཨ་རི་དང་དབྱིན་ཇི། ཡོ་རོབ་མནའ་འབྲེལ་སོགས་ཀྱི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་ཅིག་དང་དེ་མིན་སྦོ་གསེར་རྒྱལ་ཁབ་བཅས་ཀྱིས་གྲུབ་ཡོད། དེ་བས་རྩེ་འཛོམས་གྲོས་ཚོགས་འདི་ཡི་གལ་ཆེན་རང་བཞིན་ནི་སྨོས་མ་དགོས་པ་རེད། དེ་ཡང་འགོ་ཁྲིད་མི་སྣ་དག་གིས་གཟབ་ནན་གྱི་གྲོས་ཚོགས་འཚོགས་བཞིན་པའི་རིང་ལ། ཁོང་ཚོའི་སྐུ་ལྕམ་རྣམས་ཀྱིས་ལྟ་སྐོར་དུ་འགྲོ་བ་དང་སྤྱི་ཕན་བྱེད་སྒོ་སོགས་ལ་ཞུགས་ནས་ཁམས་གསེང་བྱེད་བཞིན་ཡོད། ཉེ་ཆར། སྐུ་ལྕམ་ཕེང་ལི་ཡོན་ལྕམ་མོ་གཞན་པ་རྣམས་དང་ལྷན་དུ་པུའུ་ལི་སི་པན་ཆུ་བོའི་འགྲམ་དུ་ཆགས་པའི་འཛམ་གླིང་ཡོངས་ཀྱི་ཁའོ་ལ་སྲུང་སྐྱོབ་ཁུལ་གྱི་ལུང་ཕའེ་ཁའོ་ལ་སྲོག་ཆགས་གླིང་ག་རུ་ལྟད་མོར་ཕེབས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1