༄༅།། དགེ་བའི་ལས་རྣམས་ཁྲིམས་ལྟར་བསྒྲུབ།

བཀྲ་ཤིས་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


        བཀྲ་ཤིས་བདེ་ལེགས། ང་ནི་ཁྲིམས་རྩོད་པ་ལྷ་མོ་ཡིན། དེ་རིང་ང་ཚོས་སློབ་སྦྱོང་བྱ་རྒྱུ་དེ་ཁྲིམས་ལྟར་དགེ་ལས་བསྒྲུབ་རྒྱུ་དེ་རེད། དེའི་སྔོན་དུ། ངས་ཚང་མར་གཅིག་འདྲི་འདོད་པ་ནི། ཁྱོད་ཚོར་འཕྲིན་ཕྲན་གྱི་རྣམ་པའི་རྣམ་པའི་ཐོག་ནས་ཞལ་འདེབས་ཕུལ་བའི་ཆ་འཕྲིན་མང་པོ་འབྱོར་བྱུང་ངམ། ང་ལ་མང་པོ་འབྱོར་བྱུང་། འོ་ན་དེ་རིང་གི་འཁྲིད་བྱའི་ནང་དོན་ནི་ཁྲིམས་ལྟར་དགེ་ལས་བསྒྲུབ་དགོས་རྒྱུ་དེ་ཡིན།
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས།》ནི་2016ལོའི་ཟླ་9པའི་ཚེས་1ཉིན་ནས་ལག་བསྟར་བྱས་པ་དང་། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་ན།
        གཅིག །མི་སྒེར་ལ་ཞལ་འདེབས་རྩ་འཛུགས་བྱེད་པའི་ཐོབ་ཐང་མེད། གལ་སྲིད་དགེ་སྒྲུབ་ཞལ་འདེབས་བྱ་དགོས་ན་ངེས་པར་དུ་དམངས་སྲིད་སྡེ་ཁག་ཏུ་ཐོ་འགོད་བྱས་པའི་ཐེབས་རྩ་ལྷན་ཚོགས་སྣ་ཚོགས་དང་སྤྱི་ཕན་རྩ་འཛུགས་སོགས་ཀྱི་འབྲེལ་ཡོད་ཚོགས་པ་བརྒྱུད་ནས་ཞལ་འདེབས་སློང་བའི་རེ་ཞུ་བྱ་དགོས་ཏེ། ཞལ་འདེབས་སློང་རྗེས། རྩ་འཛུགས་དེ་གས་ཁྲིམས་མཐུན་གྱི་ལས་རིམ་བརྒྱུད་དེ་ཁེ་ཕན་ཐོབ་མཁན་ལ་ཞལ་འདེབས་བགོ་དགོས། མི་སྒེར་གྱིས་འཕྲིན་ཕྲན་དང་ཡང་ན་བྱ་ཐབས་གཞན་བརྒྱུད་དེ་དགེ་སྒྲུབ་ཞལ་འདེབས་ཕུལ་བ་ན། དགེ་ལས་སྒྲུབ་བཞིན་པ་ཡིན་རུང་། འོན་ཀྱང་འཕྲིན་ཕྲན་ཐོག་ནས་གཅིག་གིས་གཅིག་ལ་བསྒྲགས་པ་དང་གཅིག་བརྒྱུད་བརྒྱ། བརྒྱ་བརྒྱུད་སྟོང་གིས་ནང་དོན་དེ་དོན་དངོས་ཡིན་མིན་མི་ཤེས་པར་གྱུར་པར་མ་ཟད། དེ་བཞིན་དུ་རྩ་འཛུགས་གང་གིས་ཀྱང་ཞལ་འདེབས་ཕུལ་བའི་དངུལ་སྒོར་གྱི་བེད་སྤྱོད་ཐད་དུ་ལྟ་སྐུལ་བྱ་མི་ཐུབ་པ་རེད། དེར་བརྟེན། བཅའ་ཁྲིམས་འདི་གའི་གཏན་འབེབས་ཁྲོད། མི་གཞན་ལ་དགེ་སྒྲུབ་ཞལ་འདེབས་སློང་རོགས་བྱ་བར་ངེས་པར་དུ་གོང་དུ་བརྗོད་པའི་སྤྱི་ཕན་རྩ་འཛུགས་འཚོལ་དགོས་ཤིང་། གལ་སྲིད་བཅའ་ཁྲིམས་འདི་གའི་གཏན་འབེབས་ལྟར་མ་བྱས་པར་རང་འདོད་ཀྱིས་ཞལ་འདེབས་ཕུལ་སློང་བྱེད་པ་ནི་ཁྲིམས་འགལ་ཡིན་ཏེ། བཅའ་ཁྲིམས་འདི་གའི་གཏན་འབེབས་ལྟར་དུ་སྒོར་ཁྲི་2མན་གྱི་ཆད་པ་གཅོད་ངེས།
        གཉིས། ཞལ་འདེབས་ཕུལ་བའི་དངུལ་གྲངས་ཅུང་མང་ན་དམངས་སྲིད་སྡེ་ཁག་ཏུ་སྤྱི་ཕན་རྩ་འཛུགས་ཐོ་འགོད་བྱས་ཏེ། ཁེ་ལས་དེས་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། ཁེ་ལས་ཁ་ཤས་ཀྱིས་དགེ་སྒྲུབ་རྩ་འཛུགས་མ་བརྒྱུད་པར་ཐད་ཀར་ཁེ་ཕན་ཐོབ་མཁན་ལ་སྤྲད་ཀྱང་ཆོག་མོད་དེ། ངེས་པར་དུ་ལས་རིམ་བརྒྱུད་དགོས་པ་རེད།
        བཞི། ཞལ་འདེབས་ཕུལ་མཁན་གྱིས་ཞལ་འདེབས་ཕུལ་བ་ཁས་ལེན་བྱེད་པར་མ་ཟད་ཞལ་འདེབས་ཕུལ་བ་ཡོངས་བསྒྲགས་བྱེད་པའམ་ཡིག་ཐོག་གི་ཞལ་འདེབས་གྲོས་མཐུན་བཞག་སྟེ། རྗེས་ཕྱོགས་སུ་ལག་བསྟར་མ་བྱས་ན། གོང་དུ་བརྗོད་པའི་དགེ་སྒྲུབ་རྩ་འཛུགས་ཀྱིས་མི་དམངས་ཁྲིམས་ཁང་དུ་ཞལ་འདེབས་ཕུལ་མི་ལ་གན་རྒྱ་འདི་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཆོག མི་དམངས་ཁྲིམས་ཁང་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས། ཞལ་འདེབས་ཕུལ་མཁན་གྱི་དཔལ་འབྱོར་གནས་ཚུལ་མངོན་གསལ་གྱིས་ཇེ་སྡུག་ཏུ་གྱུར་ཏེ། ཁོ་རང་ཉིད་ཀྱི་འཚོ་བར་ཤུགས་རྐྱེན་ཚབ་ཆེན་ཐེབས་པས། མི་དམངས་ཁྲིམས་ཁང་གིས་ཞལ་འདེབས་ཕུལ་མཁན་གྱིས་གན་རྒྱ་དེ་ལག་བསྟར་བྱ་རྒྱུ་ཁས་ལེན་བྱ་རྒྱུའི་བླང་བྱ་བཏོན་མི་དགོས་པ་མ་གཏོགས། གཞན་གྱི་ཞལ་འདེབས་ཕུལ་བའི་ཁས་ལེན་བྱེད་མཁན་གྱིས་ངེས་པར་དུ་ལག་བསྟར་བྱ་དགོས།
        དེར་བརྟེན། དེ་རིང་གི་བརྗོད་བྱ་འདིའི་དམིགས་ཡུལ་གཙོ་བོ་ནི་ཚང་མར་ཁྲིམས་མཐུན་ལུགས་མཐུན་གྱིས་དགེ་ལས་སྒྲུབ་པའི་དྲན་སྐུལ་བྱེད་པའི་གལ་ཆེའི་རང་བཞིན་དེའོ། ། ཐུགས་རྗེ་ཆེ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1