གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༢༡ཉིན།

ཀྲུང་གོའི་སང་ཉིན་ནི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་བྱེད་པའི་དཔྱད་གླེང་།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།


        ལོ་རྒྱུས་ཀྱིས་འབྱུང་འགྱུར་གསལ་པར་བྱེད་ལ། རྒྱང་སྐྱོད་ལམ་བུར་མཐའ་ཚད་མེད། ཧུར་ཐག་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་སྐབས་ང་ཚོར་ང་རྒྱལ་སྤུ་ཙམ་ཡང་ཡོད་མི་སྤོབས། ཡིན་ཡང་གདེང་ཚོད་ཚད་མེད་ཡོད་དགོས།
        “ཀྲུང་གོའི་ཁ་སང་ནི་མིའི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་བཀོད་ཟིན་པ་དང་། ཀྲུང་གོའི་དེ་རིང་ནི་མི་དམངས་དུང་ཕྱུར་མང་པོའི་ལག་ལེན་ཁྲོད་བསྐྲུན་བཞིན་ཡོད་པས་ཀྲུང་གོའི་འབྱུང་འགྱུར་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན།” ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་90ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་མིག་རྒྱང་རིང་པོས་ཀྲུང་གོའི་མ་འོངས་ལ་ཕྱིར་ལྟ་དང་། ཀྲུང་གོའི་ད་ལྟ་ཁོང་དུ་ཆུད་པ། ཀྲུང་གོའི་འབྱུང་འགྱུར་ལ་རྒྱང་ལྟ་མཛད་པར་མ་ཟད། རྔ་བརྡུངས་ནས་སྐུལ་འདེད་བྱེད་པ་ནི་དཔུང་འཇུག་བྱ་རྒྱུའི་སྐུལ་སློང་གི་བཀའ་ཡིན་ཞིང་། ཧུར་ཐག་གིས་གྲུ་གཡོར་འགེལ་བ་ནི་མདུན་དུ་སྐྱོད་པའི་གཅིག་འདུས་ཀྱི་བརྡ་རྟགས་ཡིན་པ་བསྟན། ཁོང་གི་གསུང་བཤད་ལ་གསོན་ཉམས་ལྡན་ཞིང་སྟོབས་ཤུགས་ཀྱིས་ཁེངས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭའི་བུ་དང་བུ་མོ་དུང་ཕྱུར་མང་པོར་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་སྟེང་མུ་མཐུད་དུ་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་བཏང་ཡོད།
        ལོ་ངོ་70ཡི་རིང་དཀའ་སྤྱད་ཀྱི་བྱ་བཞག་གསར་གཏོད་དང་ལོ་ངོ་70ཡི་རིང་དཀའ་ངལ་ཁྱད་བསད། ལོ་ངོ་70ཡི་རིང་ལས་ལྕི་མོ་ཇེ་ཡང་དུ་བཏང་སྟེ། དབུལ་ཞིང་ཕོངས་པའི་ཤོག་དཀར་གྱི་ངོས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་དེ་ཆེས་མཛེས་ཤོས་ཀྱི་རི་མོ་གསར་པ་ཞིག་བྲིས་ཡོད། དེ་རིང་། ཀྲུང་གོའི་མི་དམངས་དུང་ཕྱུར་14ལ་བློ་སྟོབས་ཆེར་སྐྱེད་དང་སྤོབས་སེམས་ཆེན་པོས་ཁེངས་ཤིང་། སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་960ལྷག་གི་མེས་རྒྱལ་གྱི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དཔྱིད་དཔལ་གྱི་རྣམ་པས་ཁེངས་ཡོད་པ་དང་། ལོ་ངོ་5000ལྷག་གི་ཀྲུང་ཧྭའི་ཤེས་རིག་ལ་བཀྲག་མདངས་འཚེར་ཞིང་གཏན་དུ་ཡིད་དབང་འཕྲོག་པས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་ཞིང་བརྟན་པ་དང་གསོན་ཤུགས་ཀྱིས་ཁེངས་འདུག ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་རྒྱ་ཆེ་བ་དང་འོད་སྣང་ལྡན་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ནི་འཇིག་རྟེན་རྙིང་པ་གཏོར་མཁས་པ་མ་ཟད། འཇིག་རྟེན་གསར་པ་ཞིག་འཛུགས་སྐྲུན་བྱེད་མཁས་པོ་ཡོད་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད་པ་དང་། མ་འོངས་པར་ཁ་ཕྱོགས་ཚེ་ཀྲུང་གོའི་མི་དམངས་ཀྱིས་ངེས་པར་དུ་བསྒྲུབ་ཐུབ་ངེས་ཡིན།
        ཀྲུང་གོ་གསར་པའི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་ཚེ། ང་ཚོར་སྤྲོ་བ་རབ་ཏུ་འཕེལ་ཞིང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་སྐྱོད་སྐབས་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད། དེང་གི་འཛམ་གླིང་འདིར་ལོ་ངོ་བརྒྱ་ལྷག་གི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་བའི་གནད་འགག་གི་དུས་སུ་སླེབས་འདུག 2020ལོར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཀུན་ནས་བསྐྲུན་ཐུབ་པ་དང་། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་བསྐྲུན་རྒྱུ་དང་། ཀྲུང་གོའི་འབྱུང་འགྱུར་གྱི་ལོ་30ལྷག་ཙམ་གྱི་འཆར་གཞི་ཆེན་པོ་དེ་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་བར་ང་ཚོས་ཇུས་འགོད་བྱ་རྒྱུར་བསྒུག་ཡོད། དེ་རིང་ནི་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ང་ཚོ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཡུལ་མངོན་འགྱུར་བྱེད་པར་ཧ་ཅང་ཐག་ཉེ་བ་དང་དེ་བས་ཡིད་ཆེས་དང་ནུས་པ་ཡོད་པ་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ངེས་པར་དུ་མངོན་འགྱུར་འབྱུང་དགོས་ལ་འབྱུང་ཡང་སྲིད། 
        རི་བོ་ནི་གཡང་གཟར་བས་བརྗིད་ཆགས་ཤིང་། རྒྱ་མཚོ་ནི་དྲག་ཏུ་རྒྱས་པས་ཡངས་ཤིང་བརྗིད་ཆགས་ལ། འཛམ་གླིང་གི་ལོ་རྒྱུས་ལ་ཕྱོགས་བསྡུས་ཀྱིས་བལྟས་ན། རྒྱལ་ཁབ་གང་ཞིག་དང་མི་རིགས་གང་ཞིག་གི་འཕེལ་རྒྱས་ནི་གེགས་མེད་བདེ་བླག་ཅིག་མ་ཡིན་ཏེ། “ཉི་ཟླ་ཡར་བརྗེའི”དཔའ་ཉམས་ལ་བརྟེན་ནས་ཀྲུང་གོ་ཡར་ལངས་པ་དང་། “ཁྲག་ལམ་གཅིག་བཏོད་”ཀྱི་བློ་སྟོབས་ལ་བརྟེན་ནས་ཀྲུང་གོ་ཕྱུག་པོར་གྱུར་པ་དང་། “རྡོ་ལ་རྐང་རྗེས་དང་ལྕགས་བཟུང་རྗེས་ཤུལ”གྱི་འབད་འཐབ་ཁྲོད་ང་ཚོས་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེན་གྱི་འཕུར་མཆོང་བསུས་ཡོད། གྲུ་གཟིངས་འདི་བཞུར་རྒྱུན་བར་མ་དང་མི་ནི་རི་ཕྱེད་ལ་སླེབས་སྐབས། ང་ཚོར་དེ་བས་ཀྱང་ལྷོད་གཡེང་གཏན་ནས་མི་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་དང་ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་དགོས་ལ། མུ་མཐུད་དུ་མདུན་དུ་བསྐྱོད་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་དང་། 
        རྒྱང་སྐྱོད་གསར་པའི་ལམ་བུའི་སྟེང་གི་གངས་རིའི་རྩྭ་ཐང་དབང་དུ་བསྡུས་ནས། རྒྱང་སྐྱོད་གསར་པའི་ལམ་བུའི་སྟེང་བརྒལ་བའི་ཉེན་ཁ་སྒྲོལ་ཐབས་བྱ་དགོས།
        གྱོན་ཆས་བསྐྱར་སྒྲིག་བྱས་ཏེ་ཡང་བསྐྱར་ལམ་ལ་ཆས། ད་ནི་གོམ་པ་སྤོས་ཏེ་འགོ་ནི་བརྩམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཐོག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་ཤིག་བསུས་ཡོད་དེ། སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་960ལྷག་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་འགྲེང་སྟེ་ཀྲུང་ཧྭ་མི་རིགས་ཀྱིས་འབད་བརྩོན་ཡུན་རིང་བྱས་ནས་བསགས་པའི་རིག་གནས་ཀྱི་འཚོ་བཅུད་འཇིབ་བཞིན་ཡོད་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་14འདུས་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཡོད་པས། ང་ཚོ་རང་ཉིད་ཀྱི་ལམ་བུའི་ཐོག་སྐྱོད་པར་གར་སྟེགས་ཧ་ཅང་ཡངས་ཤིང་རྒྱ་ཆེ་བ་དང་། ལོ་རྒྱུས་ཀྱི་ནང་དོན་ཟབ་ཅིང་མདུན་སྐྱོད་ཀྱི་ངེས་ཤུགས་འགྲན་ཟླ་བྲལ་བ་བཅས་ཡོད་པ་ཡིན། ངོ་མཚར་བའི་བྱས་རྗེས་དང་སྤྱི་ཚོགས་རིང་ལུགས་ནི་བསྒྲུབས་ནས་བྱུང་བ་ཡིན་ལ། དུས་རབས་གསར་པ་ནི་འབད་བརྩོན་མཁན་གྱི་དུས་རབས་ཤིག་ཡིན་པ་དང་མི་བུ་རེ་རེ་ནི་དུས་རབས་གསར་པའི་བདེན་དཔང་མཁན་དང་། གསར་གཏོད་པ། འཛུགས་སྐྲུན་པ་བཅས་ཡིན་པས། འཆར་གཞི་གཅིག་འགོད་ཀྱིས་མཐར་ཕྱིན་པར་བྱས་ཏེ་གཅིག་རྗེས་གཉིས་མཐུད་དུ་བསྒྲུབ་ན། ང་ཚོས་ངོ་མཚར་བའི་བྱས་རྗེས་གསར་པ་སྔར་ལས་ལེགས་པ་གཏོད་ཐུབ་ངེས་ཡིན།
        ཐོག་མའི་བསམ་འདུན་གྱིས་རླབས་ཆེན་གྱི་བྱ་གཞག་གཏོད་དེ་འགན་འཁྲིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་སྔ་འཛིན་ཕྱི་གཏོད་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་གྱི་དམིགས་ཡུལ་གྱི་ཕྱོགས་སུ་བསྐྱོད་དེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དཔའ་ངར་ཆེན་པོས་འབད་འཐབ་དང་མདུན་དུ་བསྐྱོད་ནས། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་ཕུགས་འདུན་ཕྲག་ཏུ་འཁུར་བའི་གྲུ་གཟིངས་དེ་རླུང་ལ་བརྟེན་ནས་རླབས་ཀྱིས་གཤགས་པ་དང་། ཁ་ལོ་བསྒྱུར་ནས་འོད་སྟོང་འཕྲོ་བའི་ཕྱོགས་སུ་རྒྱལ་ཁའི་ངང་མདུན་དུ་བསྐྱོད་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1