འཁོར་སེར་ཆུང་ངུ་ཡིས་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་ལ་རམ་འདེགས་བྱས་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-21


༄༅།།“འཁོར་སེར་ཆུང་ངུ་”ཡིས་མཚོ་བོད་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་ལ་རམ་
འདེགས་བྱས་པ།
        མི་དམངས་དྲ་བའི་འཕྲིན། “དཔྱིད་གསར་སྐྱེལ་འདྲེན་གྱི་དུས་”ལ་སླེབས་པ་ནས་བཟུང་། ལྕགས་ལམ་གྱི་བདེ་འཇགས་འགན་སྲུང་ཆེད། མཚོ་བོད་ལྕགས་ལམ་ཀུང་སི་ཟི་ལིང་ལས་སྒྲུབ་དུམ་བུའི་སྐྱོན་འཚོལ་འཁོར་ཁང་གིས་སྒྲིག་ཆས་གསར་པ་སྟེ་ལྕགས་ལམ་ཉིས་གཤིབ་མའི་ཚད་བརྒལ་སྒྲ་རླབས་ཀྱི་སྐྱོན་འཚོལ་ཡོ་བྱད་ནང་འདྲེན་བྱས་ནས་དཔྱིད་གསར་སྐྱེལ་འདྲེན་ལམ་བུའི་ཐོག་གི་བདེ་འཇགས་འགན་ལེན་ནུས་ལྡན་བྱེད་བཞིན་ཡོད། 
        ལྕགས་ལམ་ཉིས་གཤིབ་མའི་སྐྱོན་འཚོལ་ཡོ་བྱད་སྤྱད་ན་ལས་སྒྲུབ་ཚོགས་ཆུང་གཅིག་གིས་ཆུ་ཚོད་གསུམ་གྱི“སྐར་ཁུང་དུས་ཚོད”ནང་སྤྱི་ལེ་20ལྷག་ཙམ་གྱི་ཞིབ་དཔྱད་ཚད་ལེན་ལས་འགན་ལེགས་སྒྲུབ་ཐུབ་པ་དང་། ལས་སྒྲུབ་ནུས་པ་དེ་ལག་སྐུལ་རྣམ་པའི་ལྕགས་ལམ་གྱི་སྐྱོན་འཚོལ་ཡོ་བྱད་ཀྱི་ལྡབ་གསུམ་དང་མཚུངས་ལ་དེར་སྐྱོན་འཚོལ་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེན་པོ་ལྡན་ཡོད་པ་རེད། སྒྲིག་ཆས་དེ་བཤིག་བདེ་ལ་སྒྲིག་སྦྱོར་བྱེད་བདེ་བས་ལས་ཆོད་ཧ་ཅང་མཐོ་རུ་ཕྱིན་ནས་ལྕགས་ལམ་ཐོག་གི་སྐྱོན་འཚོལ་བཟོ་པས“འཁོར་སེར་ཆུང་ངུ”ཞེས་འབོད་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1