གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༡ཚེས་༢༢ཉིན།

ལི་ཁེ་ཆང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པ།

        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ས་མཐོའི་གྲང་ཁུལ་དུ་གནས་པའི་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས། ཉིན་འདི་ལུགས་རྙིང་གི་ཟླ་12པའི་ཚེས27དུ་འཁེལ་ཡོད། ངག་རྒྱུན་དུ“ཉེར་བདུན་ཉིན་ལ་ཉོ་ཚོང་རྒྱག”ཅེས་པའི་བཤད་སྲོལ་ཡོད་པས། ཙུང་ལི་ལི་ཁེ་ཆང་གནམ་གྲུ་ལས་བབས་མ་ཐག་ཟི་ལིང་གི་མའོ་ཅ་སྲང་ལམ་ཕྱོགས་བསྡུས་ཞིང་ལས་ཉོ་ཚོང་ཚོང་རར་ཕེབས་ནས་དཔྱིད་གསར་དུས་ཆེན་རིང་མཁོ་སྤྲོད་འགན་ལེན་དང་དེ་བཞིན་བཟའ་བཅའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཁྲོམ་རར་འཚང་ཁ་ཤིག་ཤིག་ངང་ལོ་གསར་གྱི་རྣམ་པ་ཧ་ཅང་གཟབ་རྒྱས་རེད། ལི་ཁེ་ཆང་གིས་སྔ་རྗེས་སུ་དཔྱིད་གསར་ཆ་ཡིག་དང་། ཤ་རིགས། འདྲེ་ཚེར་མ་སོགས་བཤམས་པའི་ཚོང་རར་ཕེབས་ནས་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་ལ་ཤེས་རྟོགས་གནང་བ་རེད། ནོར་ལུག་གི་ཤ་བཙོང་ས་ཞིག་ནས་ཙུང་ལིས་ནོར་ཤ་དང་ལུག་ཤའི་རིན་གོང་ག་ཚོད་ཡིན་པ་དང་། ན་ནིང་དང་བསྡུར་ན་རིན་གོང་འཕར་ཡོད་མེད། ཕག་ཤའི་རིན་གོང་འཕར་བ་དང་འབྲེལ་བ་ཡོད་མེད། མཁོ་སྤྲོད་འགན་ལེན་ཡོད་མེད་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཚོང་བས་ནོར་ལུག་གི་ཤའི་རིན་གོང་ན་ནིང་ལས་ཅུང་འཕར་བ་དང་མིག་སྔར་མཁོ་སྤྲོད་འདང་ངེས་ཡོད་པ་མ་ཟད། ད་དུང་ཤ་སོ་མ་ཏག་ཏག་ཡིན་ཞེས་བཤད། ཙུང་ལིའི་དྲི་བར་ལན་བཏབ་རྗེས་ཚོང་བས་གློ་བུར་དུ“ཙུང་ལིའི་ཁྱིམ་དུ་ལོ་གསར་གྱི་མཁོ་ཆས་སྒྲིག་ཚར་རམ། ང་ཚོའི་མཚོ་སྔོན་གྱི་ནོར་ལུག་གི་ཤ་སྒྲིག་ཡོད་དམ”ཞེས་དྲིས་དུས། ལི་ཁེ་ཆང་གིས་དགའ་སྤྲོའི་ངང“པེ་ཅིང་གི་མཁོ་སྤྲོད་ལའང་འགན་ལེན་ཡོད”ཅེས་ལན་བཏབ། དེ་རྗེས་ཙུང་ལིས་འཁོར་དང་བཅས་པར་དཔྱིད་གསར་དུས་ཆེན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་མཉམ་འཛོམས་ཀྱི་ཉིན་མོ་ཞིག་ཡིན་པས་ང་ཚོ་ཀྲུང་གོ་བའི་ལོ་གསར་གྱི་གོམས་སྲོལ་ལྟར་ལོ་གསར་གཏོང་སྐབས་ཤ་ཟ་གི་ཡོད། ཕག་ཤ་དང་སྐམ་ཤ ལུག་ཤ་གང་ཡིན་ཡང་ངེས་པར་དུ་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་བྱེད་དགོས། མང་ཚོགས་ཀྱིས་ཤ་ཟ་ཐུབ་པ་དང་། ཤ་ཉོ་ཐུབ་པ། ལོ་ཡག་པོ་ཞིག་སྐྱེལ་ཐུབ་པ་བཅས་ལ་ཁག་ཐེག་བྱེད་དགོས་ཞེས་གསུངས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1