སི་ཝེས་ཙེར་རྒྱལ་ཁབ་དུ་དྲག་ཆར་བསྟུད་མར་བབས་པས་ས་གནས་དེའི་ཞིང་ར་གླིང་ཕྲན་ཆུང་ཆུང་ལྟ་བུ་ཞིག་ཏུ་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-19


          སྤྱི་ཟླ་11པའི་ཚེས་16ཉིན། སི་ཝེས་ཙེར་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཐི་ཆི་ནོ་ས་ཆར་ཉིན་བསྟུད་མར་དྲག་ཆར་བབས་ཏེ། ལུའུ་ཅ་ནོ་མཚོ་ཡི་མཚོ་ངོས་ཡར་འཕགས་པས། ཉེ་འཁོར་གྱི་འགྲིམ་འགྲུལ་ལམ་ཐིག་དག་བཀག་ཡོད་པ་མ་ཟད། ས་གནས་འགའ་ཤས་ཀྱི་སྡོད་དམངས་གི་གནས་ས་སྤར་དགོས་བྱུང་ཡོད། འདི་ལྟར་དྲག་ཆར་ཉིན་བསྟུད་མར་བབས་པའི་རྐྱེན་གྱིས་མཚོ་ངོས་ཡར་འཕགས་ཤིང་། གནས་དེའི་ཅུང་སྒང་འབུར་ཡིན་པའི་ཞིང་ར་ཞིག་གི་ཕྱོགས་བཞི་མཚོ་ཡིས་བསྐོར་ཏེ་བལྟས་ཚོད་ཀྱིས་ཁེར་རྐྱང་གི་གླིང་ཕྲན་ཆུང་ཆུང་ཞིག་ཏུ་གྱུར་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1