ཀན་ལྷོར་ཏོག་གསར་གློ་ཚད་ནད་པ་ཐོག་མ་ཐོན་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-02



       ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་2་པའི་ཚེས་1ཉིན་གྱི་ཆུ་ཚོད་20བར། ཀན་སུའུ་རུ་ཏོག་གསར་གློ་ཚད་ནད་པ་5མང་དུ་ཕྱིན་ཡོད་ཅིང་། དེའི་ནང་ཀན་ལྷོ་རང་སྐྱོང་ཁུལ་ལ་ནད་པ་1གསར་དུ་བྱུང་ཡོད། 
       ནད་པ་དེའི་མིང་ལ་ལིང་ག་གེ་མོ་འབོད་ཅིང་། ཕོ་ཡིན་ལ། ལོ་60ཡིན་པ་དང་། ཀན་ལྷོ་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་མི་ཡིན། 
       ནད་པ་དེ་དང་འབྲེལ་གཏུག་བྱེད་མཁན་གྱི་གནས་ཚུལ་ད་དུང་གསལ་པོ་ཤེས་རྟོགས་བྱུང་མེད་པ་དང་། ནད་པ་དེར་སྤྱི་ཟླ་1ཚེས་28ཉིན་ཚ་བ་རྒྱག་པ་དང་། གློ་ལུ་རྒྱག་པའི་ནད་རྟགས་ཐོན་ཞིང་། སྤྱི་ཟླ་1ཚེས་30ཉིན་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་CTབརྟག་དཔྱད་བྱས་རྗེས་སྨན་ཁང་དེར་ལོགས་སུ་བཀར་ནས་སྨན་བཅོས་བྱས་པ་དང་། སྤྱི་ཟླ་2པའི་ཚེས་1ཉིན་ཏོག་གསར་གློ་ཚད་འགོས་པར་གཏན་འཁེལ་བྱས། མིག་སྔར་ཀན་ལྷོ་ཁུལ་མི་དམངས་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1