གདེང་ཚོད་བརྟན་དུ་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-04


འདི་ནི་བོད་ལྗོངས་མཁའ་འགྲུལ་ཙུའུ་ཡིས་ཝུའུ་ཧན་ཤུགས་རྒྱོབ་ཅེས་འབོད་བཞིན་པ།
        ཧུའུ་པེའི་ཝུའུ་ཧན་སོགས་སུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་སྟེ་སྐུ་ངོ་མས་ཚོགས་འདུ་གཙོ་སྐྱོང་ཐེངས་མང་གནང་བ་དང་། གནས་ཚུལ་སྙན་སེང་ཐེངས་མང་གསན་པ། སྔ་རྗེས་སུ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
འདི་ནི་བོད་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་གནམ་ཐང་5ནས་འགྲོ་འོང་བྱེད་མཁན་འགྲུལ་པ་ཡོངས་ལ་ཚ་བ་ལྟ་བཞིན་པ།
        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་རེད།
ནད་པས་བོད་རང་སྐྱོང་ལྗོངས་སྨན་ཁང་གསུམ་པར་སྨན་བཅོས་དང་ལེན་བྱེད་བཞིན་པ།
        ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འཕྲལ་མར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། སྨན་བཅོས་རོགས་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་། སྔོན་འགོག་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཚོགས་ཆུང་བཅས་བཙུགས་ཡོད། བོད་དུ་ཡོང་མཁན་ལ་གྲལ་བཤེར་དབྱེ་འབྱེད་བྱས་པ་དང་། མཁའ་འགྲུལ་དང་། ལྕགས་ལམ། འགྲིམ་འགྲུལ་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ། མི་ཚོགས་སྟུག་སར་ཚ་བ་ལྟ་བ་དང་དབྱེ་འབྱེད་བྱེད་པའི་ལས་དོན་སྤེལ་ནས་ཚ་བ་རྒྱག་མཁན་གྲལ་བཤེར་དང་། ཐོ་འགོད། ཐག་གཅོད་བཅས་བྱས་པ་དང་། གསོ་རིག་གི་ལྟ་ཞིབ་བྱེད་པ་དང་ལོགས་སུ་འཇོག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྱུང་རྩ་ནས་བཀག་པ་དང་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱས་ཡོད་པ་རེད།
འགྲུལ་པས་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་སྒུག་སྡོད་ཚོམས་ཆེན་དུ་མེ་འཁོར་སྒུག་བཞིན་པ།
མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཞིང་ཞོར་ཁྲོམ་རའི་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོད་པ།
ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་ཁོར་ཡུག་གཙང་སྦྲ་བས་གཙང་སྦྲ་བྱེད་བཞིན་པ།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་ཐོ་འགོད་ཞིབ་བཤེར་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་གྲྭ་བཞི་གྲོང་གསར་ཨུ་ལྷན་གྱི་སྨན་དོན་མི་སྣས་བོད་དུ་ལོག་མཁན་ལ་ཚ་བ་ལྟ་བཞིན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1