རྟའུ་རྫོང་གི་ཏོག་དབྱིབས་ནད་དུག་འགོག་སྲུང་གི་བརྡ་ཁྱབ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-05


    ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་སྲུང་དང་། ནད་ཡམས་ཁྱབ་པ་སྔོན་འགོག  སྟོབས་ཤུགས་ཡོད་རྒུས་རྒྱ་ཆེའི་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཆེད། རྟའུ་རྫོང་གིས་སྔོན་ལས་ལྷག་པའི་སྒོ་ནས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་སྲུང་ལས་ཀའི་སྐོར་གྱི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་གཤམ་ལྟར།

    གཅིག །རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་ཁྱིམ་སྡོད་རིགས་བཀར་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་དང་། འཕྲལ་བསྟུན་བཀོད་འདོམས་པུའུ་ཡིས་སྨན་བཅོས་སྲོག་སྐྱོབ་དང་གཅིག་བསྡུའི་སྨན་བཅོས་ཟུར་བཀར་བརྟག་དཔྱད་ལ་བཀོད་སྒྲིག་བྱས་པའི་མི་སྣ་མ་གཏོགས། ཉི་མཚོ་དགོན་པའི་དགེ་འདུན་པ་ཡོངས་དང་། སྤྱི་ཟླ་དང་པོ་ནས་བཟུང་ས་ཆ་གཞན་ནས་ཕྱིར་ལོག་པའི་མི་སྣ།ནད་གཞི་གཏན་འཁེལ་བྱས་པའམ་དོགས་ཡོད་ནད་པར་འཕྲད་མྱོང་བའི་མི་སྣ་ཡོངས་རྫོགས་རིགས་ཀ་པ་སྟེ་ཁྱིམ་སྡོད་སྨན་བཅོས་ཟུར་བཀར་བརྟག་དཔྱད་བྱ་ཡུལ་བྱས་ཏེ། ངེས་པར་དུ་ཉིན་རེར་ལུས་པོའི་ཚ་གྲང་ཚད་འཇལ་བྱས་ནས་ཐོ་འགོད་དོ་དམ་ལག་བསྟར་བྱེད་རྒྱུ། རྫོང་ཡོངས་ཀྱི་མང་ཚོགས་གཞན་དག་རིགས་ཁ་པ་བྱས་ནས་དོ་དམ་བྱེད་རྒྱུ་ཡིན་ལ། ཡུལ་ཤོག་དང་ཡུལ་ཚོ་རིམ་པ་གཉིས་ནས་འགན་འཁུར་ཏེ་དུས་ཐོག་ཏུ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་དབུལ་དགོས།

    གཉིས། ཤེལ་ཆུ་གྲོང་རྡལ་དང་ཁུག་ཆ་ཡུལ་ཤོག །དགེ་བཤེས་ཡུལ་ཤོགམ་ཟུར་ཡུལ་ཤོགཁང་གསར་ཡུལ་ཤོགདབའ་ཞབས་ཡུལ་ཤོག་སོགས་“ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་”གི་སྡེ་མི་ཡོངས་ལ་སྤྱི་ཡོངས་ནས་ནང་དུ་ཡོང་བར་ཐོ་འགོད་དང་ཕྱི་རུ་འགྲོ་ན་སྙན་ཞུ་འབུལ་པའི་ལམ་ལུགས་ལག་བསྟར་བྱས་ནས།ཡུལ་ཤོག་དང་གྲོང་རྡལ།རྫོང་རིམ་པའི་འབྲེལ་གནས་འགོ་ཁྲིད་དང་། ཡུལ་ཤོག་དང་གྲོང་རྡལ་གྱི་ཏང་ཨུ།སྲིད་གཞུང་གི་འགན་འཛིན་བློ་མཐུན་གཙོ་བོའི་ཆོག་མཆན་མེད་པར་རང་འདོད་ཀྱིས་སྡོད་གནས་དང་ཁ་བྲལ་མི་ཆོག

    གསུམ། རྫོང་ཡོངས་ཀྱི་དགོན་པ་དག་ལ་བཀག་སྡོམ་དོ་དམ་བྱེད་རྒྱུ་ཡིན་ལ། སྤྱིར་བཏང་གྲྭ་བཙུན་རྣམས་རང་ཁྱིམ་དུ་ལོག་ནས་སྨན་བཅོས་བརྟག་དཔྱད་བྱེད་པ་དང་། ཡུལ་ཤོག་དང་གྲོང་རྡལ་ཏང་ཨུ།སྲིད་གཞུང་གིས་ཐོ་འགོད་རྣམ་པའི་དོ་དམ་བྱེད་རྒྱུ་བྱས་ཡོད་མོད། དབང་པོ་སྐྱོན་ཅན་དང་ཁེར་སྡོད་སོགས་དམིགས་བསལ་གྱི་གྲྭ་བཙུན་དག་ཡུལ་ཤོག་དང་གྲོང་རྡལ་གྱི་དགོན་པའི་དོ་དམ་སུའོ་ཡིས་ཆོག་མཆན་ལྟར་དགོན་པའི་ནང་ནས་རང་གཅིག་པུ་ཁྱིམ་སྡོད་བྱས་ཏེ་སྨན་བཅོས་བརྟག་དཔྱད་བྱེད་པ་དང་། དགོན་པའི་དོ་དམ་ཚོགས་པའམ་ཡུལ་ཤོག་དང་གྲོང་རྡལ་གྱི་དགོན་པའི་དོ་དམ་སུའོ་ཡིས་འགན་འཁུར་ཏེ། ཐོ་འགོད་རྣམ་པའི་དོ་དམ་བྱེད་རྒྱུ་ཡིན།

    བཞི། རྫོང་ཡོངས་ཀྱི་འཕྲོད་བསྟེན་ཁང་དང་། ཡུལ་ཚོའི་འཕྲོད་བསྟེན་ཁང་། སྨན་རྫས་ཚོང་ཁང་། སྨན་བཅོས་ཁང་ཡོངས་ནས་ཚ་བ་རྒྱས་པའི་ནད་པར་སྨན་བཅོས་བྱེད་མི་ཆོགཚ་བ་རྒྱས་པའི་ནད་པ་མཐོང་ན་ངེས་པར་དུ་རྫོང་མི་དམངས་སྨན་ཁང་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཁང་ལ་སྙན་ཞུ་བྱ་དགོས།འབྲེལ་གཏུགས་ཁ་པར། (0836—7122679)

    ལྔ། མང་ཚོགས་ལ་སྐུལ་སློང་གང་ལེགས་བྱས་ཏེ། རྫོང་སྤྱི་བདེ་ཅུས་དང་།རྫོང་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་སྒོས་འགོས་ནད་ཇི་ལྟར་ཁྱབ་པའི་ཁུངས་སྣེ་ཞིབ་གཤེར་འཚོལ་སྡུད་བྱེད་རྒྱུ་དང་། ལྷག་པར་དུ་ད་ལོའི་ཟླ་དང་པོའི་ཚུན་གྱི་ཕ་ཡུལ་ཧུའུ་པའེ་ནས་ཡིན་པའི་མི་སྣ་དང་། ཧུའུ་པའེ་རུ་བྱེས་སུ་སྡོད་པའི་མི་སྣ། རང་རྫོང་གི་ཧུའ་པའེ་ནས་ཕྱིར་ལོག་པའི་མི་སྣ་དང་འབྲེལ་བའི་ཁུངས་སྣེར་དོ་ཁུར་བྱས་ཏེ།དངོས་དོན་ཞིབ་རྩད་ཆོད་པ་ན་དམངས་སྒོར་ཁྲི་5ཡི་བྱ་དགའ་སྟེར་རྒྱུ་རེད།

    བརྡ་ཁྱབ་འདི་སྤྱི་བསྒྲགས་བྱས་པའི་ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་ལ། མཚམས་འཇོག་པའི་དུས་ཚོད་རྗེས་ནས་བརྡ་ཁྱབ་གཏོང་རྒྱུ་ཡིན་པས་འདི་རུ་མི་འགོད་དོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1