ཁ་བཀྲམ་ནས་ཟ་མ་ཟ། ནད་མ་འགོས་སྔོན་འགོག་བྱེད།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-09


འདི་ནི་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་གིས་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཟ་ཁང་གི་གཙང་སྦྲ་འཕྲོད་བསྟེན་ལ་ཞིབ་བཤེར་བྱེད་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་གིས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སིའི་ཟ་ཁང་གི་ལས་དོན་པར་བཟའ་བཅའི་གཙང་སྦྲའི་སྐོར་སྐད་ཆ་འདྲི་བཞིན་པ།
          ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། བོད་ལྗོངས་ཀྱི་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་20ཡི་ཟ་ཁང་ལ་འཐེན་བཤེར་དང་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་རྗེས་ཤེས་རྟོགས་བྱུང་བར། ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ཟ་ཁང་མང་ཆེ་བས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་དེ་བཞིན《བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ཀྱི་བཀོལ་སྤྱོད་ཚད་གཞི》ཡི་བླང་བྱ་གཞིར་བཟུང་། ཟ་ཁང་དུ་ཁ་བཀྲམ་ནས་ཟ་མ་ཟ་བ་དང་། སྤྱི་ཡོངས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་དང་དོད། དུས་ཐོག་ཏུ་གཙང་མ་བཀྲུ་བ་དང་དུག་སེལ་བྱེད་པ། བཟའ་བཅའི་རྒྱུ་ཆ་རྗེན་པ་དང་བཙོས་མ་ལོགས་སུ་དབྱེ་བ་དང་འཚོད་པོར་བཙོ་བ་བཅས་བྱེད་བཞིན་ཞིབ་བཤེར་བྱེད་རིང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་བཟུང་བ་དང་གསོས་པ་ཟ་བ་བཅས་ཀྱི་གནས་ཚུལ་ཐོན་མེད། ཞིབ་བཤེར་བྱེད་རིང་ལས་ཁུངས་དང་བྱ་གཞག་ཚན་པ་ཉུང་ཤས་ཀྱི་ཟ་ཁང་གི་གཙང་སྦྲ་འཕྲོད་བསྟེན་ཡག་པོ་མེད་པ་དང་མི་སྣ་དོ་དམ་ཐད་ཅུང་ཟང་ཟིང་ཆེ་བ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བར་དམིགས་ནས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་པ་མ་ཟད། དུས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བླང་བྱའང་བཏོན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1