ཞི་ཅིན་ཕིང་གིས་པེ་ཅིན་དུ་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་སྲུང་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-11


    སྤྱི་ཚེས་10ཉིན་གྱི་ཕྱི་དྲོར། ཤི་ཅིན་ཕིང་གིས་པེ་ཅིན་དུ་ཏོག་གསར་གློ་ཚད་ཀྱི་ནད་ཡམས་འགོག་སྲུང་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་གནང་། ཞི་ཅིན་ཕིང་ཐོག་མར་ཁྲའོ་དབྱང་ཆུས་ཨན་ཀྲེན་ཧྲང་ལམ་ཨན་ཧྭ་ལི་སྡེ་ཁུལ་དུ་ཕེབས་ཏེ། གཞི་རིམ་ཡུལ་དངོས་ཀྱི་ནད་ཡམས་མཉམ་འགོག་མཉམ་བཅོས་བྱེད་པ་དང་། སྡོད་དམངས་ཀྱི་འཚོ་བའི་མཁོ་ཆས་ཀྱི་འགན་སྲུང་མཁོ་འདོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། སྡེ་ཁུལ་གྱི་སྡོད་དམངས་དང་ལས་བྱེད་མི་སྣར་ཐུག་འཕྲད་འཚམས་འདྲི་གནང་བ་རེད། 

    དེ་རྗེས། ཞི་ཅིན་ཕིང་པེ་ཅིན་ཏིས་ཐཱན་སྨན་ཁང་དུ་ཕེབས་ཏེ་ཏོག་གསར་གློ་ཚད་འགོས་མིའི་སྡོད་བཅོས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཝུའུ་ཧན་གྲོང་ཁྱེར་གྱི་ནད་གཞི་ལྕི་བའི་ནད་པ་བསྡུ་ལེན་སྨན་བཅོས་བྱེད་བཞིན་པའི་སྨན་ཁང་ལ་བརྙན་ལམ་ནས་འབྲེལ་བ་བྱས་པ་བརྒྱུད། ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་དང་། ཧུའུ་པའེ་མཛུབ་སྟོན་པུའུ་ཡི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཡུལ་དངོས་སུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣར་འཚམས་འདྲི་གནང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1