གཏམ་བཟང་། བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དེ་དྲག་འདུག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-12



          དེ་རིང་ཕྱི་དྲོའི་ཆུ་ཚོད་2དང་སྐར་མ་26ཐོག་བོད་ལྗོངས་སུ་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱས་པའི་ནད་པ་ཀྲང་ཆེ་གེ་མོ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་འགྲོ་ལུགས་ཚང་མ་གཉེར་ཚར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་གྱེས་པ་རེད།

          བོད་རང་སྐྱོང་ལྗོངས་སྨན་ཁང་གསུམ་པའི་གློ་བའི་ཚན་ཁག་གཉིས་པའི་ཀྲུའུ་རེན། སྐྱོབ་བཅོས་ཚོགས་ཆུང་གི་ཙུའུ་ཀྲང་ཧྭ་ཏེ་སྨི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ནད་པ་དེར་ཟླ་2ཚེས་9ཉིན་ཞིབ་དཔྱད་ཚད་ལེན་ཐེངས་དང་པོ་བྱས་པའི་འབྲས་བུ་ནི་སྲིབས་གཤིས་ཡིན་པ་དང་། ཟླ་2ཚེས་11ཉིན་བསྐྱར་དུ་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྔར་བཞིན་སྲིབས་གཤིས་ཡིན་པ་དང་། མིག་སྔར་CTསོགས་ནད་ཐོག་སྨན་བཅོས་ཀྱི་དཔང་རྟགས་ནང་ནད་གཞི་དྲག་སྐྱེད་བྱུང་བ་དང་ནད་ཐོག་སྨན་བཅོས་ཚོགས་ཆུང་གིས་གྲོས་བསྡུར་བྱས་པ་དང་འབྲེལ་སྨན་ཁང་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་སྙན་སེང་ཡང་ཞུས་པ་དང་། རང་སྐྱོང་ལྗོངས་དང་ཧྲང་ཧའེ། པེ་ཅིང་བཅས་ཀྱི་རིགས་གཅིག་མཁས་ཅན་གྱིས་དཔྱད་དཔོག་བྱས་རྗེས་ནད་པ་དེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ཚད་གཞི་ལོན་ཡོད།

          ཀྲང་ཆེ་གེ་མོས་ཟླ་1ཚེས་22ཉིན་ནས་ཚེས་24ཉིན་བར་ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་དུ་འབྱོར། ཟླ་1ཚེས་25ཉིན་གྱི་དགོང་མོ་ཀྲང་ཆེ་གེ་མོས་བོད་རང་སྐྱོང་ལྗོངས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པར་བསྐྱོད་པ་དང་འབྲེལ་སྨན་ཁང་དུ་བསྡད་དེ་ཟུར་འཇོག་ལྟ་ཞིབ་སྨན་བཅོས་དང་ལེན་བྱས་པ་རེད། ཟླ་1ཚེས་29ཉིན་ཀྲང་ཆེ་གེ་མོར་ཏོག་གློ་ཚད་ཕོག་པ་གཏན་འཁེལ་བྱུང་ནས་བོད་ལྗོངས་ཀྱི་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བྱུང་བའི་ནད་དཔེ་དང་པོར་གྱུར་ཡོད།

          ངོ་སྤྲོད་བྱས་པར་གཞིགས་ན། ཀྲང་ཆེ་གེ་མོ་དེ་རིང་ཕྱི་དྲོ་མེ་འཁོར་ལ་བསྡད་དེ་བོད་ལྗོངས་ནས་ཁ་བྲལ་རྒྱུ་ཡིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1