རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མཐོང་ཆེན་བྱེད་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 02-13


འདི་ནི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ICUསྨན་དོན་མི་སྣས་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་ནད་པ་བསྡོམས་རྩིས་རྒྱག་བཞིན་ཡོད་པ།
          ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་བོད་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ་འཕྲལ་མར་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་འགོ་བཙུགས་ཡོད། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་དང་འབྲེལ་ཡོད་ཚན་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་འདི་ཉིད་མིག་སྔར་གལ་འགངས་ཆེ་ཤོས་ཀྱི་ལས་ཀར་བརྩིས་ནས་དམ་འཛིན་བྱས་ཏེ་གོམ་སྟབས་གཅིག་གྱུར་དང་། དུས་ཐོག་ཁ་གཏད་གཅོག་པ། གོ་རིམ་ལྡན་པའི་སྔོན་འགོག་ཚོད་འཛིན་བཅས་བྱས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1