རྔ་བ་ཁུལ་གྱི་བརྩམས་ཆོས་60མི་རིགས་སྒྱུ་རྩལ་དུས་ཆེན་གྱི་ཡིག་རིས་དང་པར་ལེན་འགྲེམ་སྟོན་དུ་ཞུགས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-21


               སྤྱི་ཟླ་11པའི་ཚེས་19ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བདུན་པའི་གྲངས་ཉུང་མི་རིགས་སྒྱུར་རྩལ་དུས་ཆེན་གྱི་ཡིག་རིས་དང་པར་ལེན་འགྲེམ་སྟོན་བྱས། ཞིང་ཆེན་ཡོངས་ནས་ཐོན་པའི་སྐུ་ཚབ་ཚོགས་པ་15ཡི་བརྩམས་ཆོས་633འགྲེམ་སྟོན་བྱས་ཤིང་། དེའི་ཁྲོད་དུ། རི་མོའི་བརྩམས་ཆོས་233དང་། ཡིག་གཟུགས་ཀྱི་བརྩམས་ཆོས་195ཡོད། དེ་མིན་པར་ལེན་གྱི་བརྩམས་ཆོས་215བཅས་ཡོད་པས། ད་ལོའི་འགྲེམ་སྟོན་ནང་ཞུགས་པའི་བརྩམས་ཆོས་ཀྱི་ཁ་གྲངས་ནི་ལོ་སྔོན་མ་ཐམས་ཅད་ལས་ཆེས་མང་ཤོས་རེད། རྔ་བ་ཁུལ་དུ་རི་མོ་དང་ཡིག་གཟུགས། པར་ལེན་བཅས་སོ་སོ་ནས་བརྩམས་ཆོས་20རེ་འགྲེམ་སྟོན་ནང་ཞུགས་ཡོད་ལ། དེས་རྔ་བ་ཁུལ་གྱི་མི་རིགས་སོ་སོའི་ཞི་མཐུན་དཀྱེལ་ཡངས་དང་། མཐུན་སྒྲིལ་ཡར་རྒྱས་ཀྱི་རྣམ་པ་གསལ་བོར་མཚོན་ཡོད།

             ཐེངས་འདིའི་རྔ་བ་ཁུལ་གྱི་རི་མོའི་བརྩམས་ཆོས་20ཚང་མར་མི་རིགས་ཀྱི་འཚོ་བའི་བྲོ་བ་ལྡན་ཞིང་། ཞ་སྨྱུག་དང་ཆུ་ཚོན། དེ་མིན་སྣུམ་ཚོན་བཅས་ཀྱིས་བྲིས་པའི་རི་མོ་ཤ་སྟག་ཡིན་ལ། མཛེས་ཤིང་སྡུག་པའི་རི་མོའི་བརྩམས་ཆོས་དག་ནི། 《སེམས་ཀྱི་དུང་ཟླ།》དང་《མཐོ་སྒང་གི་ཉི་འོད།》《རེ་ལྟོས།》《གངས་ལྷ་མེ་ཏོག་བཞད་པ།》སོགས་ཡིན། རི་མོ་འདི་དག་ལ་བལྟས་མ་ཐག མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། རང་བྱུང་ཁམས་ཆེན་པོའི་མཛེས་པ་སོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

            ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། མཛེས་སྡུག་རྣམ་པར་བཀྲ་བའི་རང་བྱུང་ཁམས་ཆེན་པོའི་ཡུལ་ལྗོངས་པར་ལེན་རྒྱུ་ནི་པར་ལེན་པ་མང་པོ་ཞིག་གི་དགའ་ཕྱོགས་ཡིན་ལ། འགྲེམ་སྟོན་དུ་ཞུགས་པའི་པར་རིས་དག་གི་པར་ངོས་རེ་རེ་མཛེས་སྡུག་ལྡན་ལ། དེ་ཡིས་རྔ་བ་ཁུལ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1