གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༡༦ཉིན།

རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤེལ་བའི་དཔྱད་གཏམ།


        སྤྱི་ཚེས་14ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་འགོ་བརྗོད་དུ་༼རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་དང་། དམ་འཛིན་ནན་པོ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་༽ཞེས་འཁོད་པའི་དཔྱད་གཏམ་སྤེལ་ཡོད།
        དཔྱད་གཏམ་ནང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་དང་དམ་འཛིན་ནན་པོ། དོན་ཐོག་ཏུ་འཁྱོལ་བ་བྱེད་པར་ངེས་པར་དུ་གཙོ་གནད་འབུར་དུ་ཐོན་པ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་དགོས། ས་གནས་ཁག་གིས་ནད་པ་བསྡུ་ཉར་སྨན་བཅོས་བྱེད་ཚད་དང་། སྐྱོབ་བཅོས་ཐུབ་ཚད་མཐོ་རུ་གཏོང་བ་དང་། འགོས་ས་དང་འཆི་ཚད་ཉུང་དུ་གཏོང་རྒྱུར་གཞིགས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱས་ཏེ། བསྡུ་དགོས་རིགས་བསྡུ་ལེན་ཐུབ་པ་དང་། སྨན་བཅོས་བྱེད་དགོས་རིགས་སྨན་བཅོས་ཐུབ་པ་བྱེད་དགོས་ལ། དངོས་ཟོག་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་སྨན་བཅོས་དངོས་ཟོག་སོགས་ཀྱི་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་ལས་སྒོ་སླར་གསོ་བྱས་ནས་ཐོན་སྐྱེད་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། མི་འདང་བའི་དངོས་ཟོག་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། གཙོ་གནད་ས་ཁུལ་གྱི་དགོས་མཁོ་སྔོན་ལ་སྐོང་དགོས། དེ་དང་དུས་མཚུངས། འབྲུ་རིགས་ཀྱི་ཞིང་ཆེན་འགོ་འཛིན་གྱི་འགན་འཁྲིའི་ལམ་ལུགས་དང་སྔོ་ཚལ་གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། འཚོ་བའི་མཁོ་ཆས་ཐོན་སྐྱེད་དང་མཁོ་འདོན་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབ་དགོས་ཞེས་བསྟན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1