བརྡ་ཐོ་འདི་ལ་ལྟོས། ཁ་ལོ་བ་ཚོ་དེ་རིང་ནས་རྟའུ་ལ་མ་འགྲོ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-17


    ཁ་ལོ་བ་རྣམ་པ།
    སྤྱི་ཚེས་17ཉིན་ནས་དཀར་མཛེས་ཁུལ་གྱི་ཡར་འགྲོ་མར་འོང་གི་རླངས་འཁོར་ཐམས་ཅད་རྟའུ་རྫོང་ཁོངས་ནས་གཏང་རྒྱུ་མ་རེད་པས་ཚང་མ་དཀར་མཛེས་ནས་ཉག་རོང་དང་ཉག་ཆུ་ཁ།  དེ་ནས་དར་མདོ་བརྒྱུད་ནས་སྐྱོད་པའམ་ཡང་ན་བྲག་འགོ་ནས་གསེར་རྟ་དང་རྔ་བ་ཁུལ།  དེ་ནས་ཁྲེན་ཏུའུ་རུ་བརྒྱུད་ན་ལེགས།  ཚང་མས་བརྒྱུད་བསྐུར་མང་ཙམ་གནང་རོགས་ཞུ།
    སྤྱི་ཟླ་2པའི་ཚེས་17ཉིན།  དཀར་མཛེས་ཁུལ་སྤྱི་བདེ་ཅུས་དང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཉིན་འདི་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་མཇུག་མ་རྫོགས་ཀྱི་བར།  རྒྱལ་ལམ་350ཡི་རྟའུ་རྫོང་བ་སྨད་གྲོང་རྡལ་ནས་རྟའུ་རྫོང་ཁང་གསར་ཡུལ་ཤོག་བར་གྱི་འགྲུལ་ལམ་བཀག་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1