བོད་ལྗོངས་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ནུས་ཤུགས་ཡོད་རྒུས་བཅའ་སྡོད་བྱ་ཡུལ་ལ་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྤེལ་རོགས་བྱེད་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-18


འདི་ནི་འཐབ་འཛིང་པས་ཁ་རས་བརྒྱབ་སྟེ་སྲུང་བྱ་བྱེད་བཞིན་པ།

འདི་ནི་ཟླ་2ཚེས་14ཉིན་ལས་སྒྲུབ་མི་སྣས་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ལ་དུག་སེལ་བྱེད་བཞིན་པ།
       ཉིན་ཤས་བསྟུད་མར། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྤེལ་ཆེད། བོད་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པས་འབྲེལ་ཡོད་མཛུབ་སྟོན་བླང་བྱར་ནན་པོར་གཞིགས་ནས། དཔུང་སྡེར་སྒོ་རྒྱག་རྣམ་པའི་དོ་དམ་དང་མི་སྣ་དང་རླངས་འཁོར་ཕྱིར་བསྐྱོད་རྒྱུར་ཚོད་འཛིན་ནན་པོ་བྱས་པ་མ་ཟད། དོ་དམ་ཁྱབ་ཁོངས་ཀྱི་སྤྱི་པའི་ས་ཁོངས་སུ་དུག་སེལ་དང་། དཔོན་དམག་ལ་གཟུགས་པོའི་དྲོད་ཚད་ལྟ་བ། དཔུང་སྡེའི་ནང་ཡོང་མཁན་གྱི་ནང་མིར་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྤེལ་ནས་དཔུང་སྡེའི་བདེ་འཇགས་དང་བརྟན་ལྷིང་ལ་འགན་ལེན་ནུས་ལྡན་བྱས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1