གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༡༨ཉིན།

བདེ་ཐང་དང་ཤེས་དཔལ་ལྡན་པའི་བོད་ཀྱི་ལོ་གསར་གཏོང་རྒྱུའི་གྲོས་འགོའི་ཡི་གེ


          རྒྱ་ཆེའི་གྲོང་མི་ལྷན་རྒྱས།
          མིག་སྔར་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་དཀའ་ཚེགས་ཆེ་ཤོས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འོན་ཀྱང་བོད་ལྗོངས་ཀྱི་ཏོག་གསར་རིམས་ནད་ཕོག་པའི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་བ་དང་བསྟུན་ནས། མི་རྣམས་ཐུགས་ལྷོད་ལ་བབས་ནས་བག་གཡེང་སྣང་ཆུང་བྱེད་པའི་རྣམ་པ་ཞིག་མངོན་ཞིང་འདུག་པས། རྒྱ་ཆེའི་གྲོང་མི་ལྷན་རྒྱས་ལ་དྲན་སྐུལ་ཞུ་རྒྱུར། མིག་སྔར་རིམས་འགོག་གི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་པས། ནད་འགོག་བྱ་རྒྱུར་ལྷོད་གཡེང་གཏན་ནས་མ་གནང་རོགས་ཞུ་རྒྱུ་ཡིན་ལ། བོད་ཀྱི་ལོ་གསར་འཆར་ལ་ཉེ་བས་དགའ་ཉེ་འགྲོ་འོང་དང་འཛོམས་འཛོམས་མང་དུ་འགྲོ་བས། ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་དང་ལས་འགན་ལྕི་རུ་འགྲོ་བཞིན་ཡོད་པ་རེད།
          དེར་བརྟེན། མི་སྣ་འགྲོ་སྐྱོད་བྱ་རྒྱུ་ཉུང་དུ་བཏང་ནས་རིམས་ནད་འགོས་ཁྱབ་ལ་ཚད་མཐོ་བའི་ཚོད་འཛིན་ནན་པོ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཐུབ་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་ཆེད། ང་ཚོས《རང་ཁྱིམ་ལ་བསྡད་ནས་བདེ་ཐང་དང་ཤེས་དཔལ་ལྡན་པའི་”བོད་ཀྱི་ལོ་གསར་གཏོང་རྒྱུའི་གྲོས་འགོའི་ཡི་གེ》འདི་བཏང་བ་ཡིན། 

          རང་ཆུས་ཀྱི་ས་གཙང་ཀུང་སིས་སྣེ་ཁ་འཛོམས་ཤིང་རིན་གོང་འཚམ་པའི་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་ས་ཚིགས་༣༢བཙུགས་ནས་རྒྱ་ཆེའི་གྲོང་མི་ལྷན་རྒྱས་ལ་སྒོ་འགྲམ་ནས་ལོ་གསར་གྱི་མཁོ་རྫས་ཉོ་སྒྲུབ་ཐུབ་པའི་སྟབས་བདེ་སྐྲུན་ཡོད་པས། གྲོང་ཚོ་དང་གྲོང་རྡལ་༼ཁྲོམ་གཞུང་༽འགྲོལ་ནས་ཕྱི་ལ་ཉུང་ཙམ་ཐོན་རྒྱུའི་འབོད་སྐུལ་ཞུ་རྒྱུ།

          ལོ་གསར་ཚེས་གཅིག་ཉིན་ཕྱེ་མར་མི་རྒྱུག་པར། ཁ་པར་དང་། འཕྲིན་ཐུང་། སྐད་འཕྲིན་སོགས་བརྒྱུད་ནས་ཕན་ཚུན་དབར་ལོ་གསར་གྱི་རྟེན་འབྲེལ་ཞུ་རྒྱུའི་འབོད་སྐུལ་ཞུ་རྒྱུ།

          རིམས་ནད་སྔོན་འགོག་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན་པས། ལོ་གསར་རིང་མི་སྣ་ཕན་ཚུན་འགྲོ་འོང་ཉུང་དུ་གཏང་ནས། རང་ཁྱིམ་ལ་བཞུགས་ནས་ལོ་གསར་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ།

          ལོ་གསར་སྐབས་དགའ་ཉེ་ཕན་ཚུན་མགྲོན་པོ་འབོད་རེས་བྱས་ནས་གསོལ་སྟོན་བཤམས་འདོད་ཡོད་རུང་། དམིགས་བསལ་གྱི་དུས་བབ་འདིར་མི་འཛོམས་འཛོམས་བྱས་ཚེ་ནད་དུག་འགོས་པའི་ཉེན་ཁ་ཆེ་རུ་འགྲོ་བས། གསོལ་སྟོན་བཤམས་རེས་མི་བྱེད་པར་རང་ཁྱིམ་ལ་བཞུགས་ནས་བདེ་ཐང་གི་ལོ་གསར་གཏོང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།

          བོད་ཀྱི་ལོ་གསར་སྐབས་གྲོང་མི་འདུ་འཛོམས་བྱས་ནས་ལོ་གསར་གྱི་བྱེད་སྒོ་སྤེལ་བའི་སྲོལ་རྒྱུན་མང་པོ་ཞིག་ཡོད་མོད། ད་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཆེ་བས། གྲོང་མི་འདུ་འཛོམས་བྱས་ཚེ་ནད་དུག་འགོས་ཉེན་ཆེ་བས། མི་འདུ་འཛོམས་མི་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
          མཇུག་ཏུ། ཆུས་ཡོངས་ཀྱི་མི་དམངས་རྣམས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས། ནད་མེད་ཚེ་རིང་། བསམ་དོན་ལྷུན་གྱི་གྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1