གྲོང་ཚོའི་སྨན་པ་འཕྲིན་ལས་ཀྱིས་བོད་རིགས་ཤང་གི་རིམས་འགོག་ལྕགས་རི་བརྩིགས་པ།

འབྲུག་རྒྱལ་མཁར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 02-20


གྲོང་ཚོའི་སྨན་པ་འཕྲིན་ལས་ཀྱིས་ལམ་འགྲོ་བའི་ལུས་ཀྱི་དྲོད་ཚད་འཇལ་བ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་2ཚེས་15ཉིན་གྱི་ས་སྲོད་དུས་སུ།  མཚོ་ངོས་ལས་མཐོ་ཚད་སྨི་3600ཟིན་པའི་མཐོ་སྒང་གི་བོད་རིགས་ཤང་སྟེ། སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་འཛོམས་པ་ཤང་རྒྱ་ཁང་གྲོང་ཚོར་ཁ་བ་བུ་ཡུག་འཚུབ་ནས་དྲོད་ཚད་ཀོར་ཐིག་མན་གྱི་ཏུའུ་བཅུ་ལྷག་ཙམ་ལ་སླེབས་པ་དང་། ཞིབ་བཤེར་ཚད་ལེན་ས་ཚིགས་ཀྱི་གྲོང་ཚོའི་སྨན་པ་འཕྲིན་ལས་ཀྱིས་རང་གི་བྲེལ་གསེང་གི་དུས་ཚོད་སྤྱད་དེ། སྨན་སྒམ་འཁུར་ཞིང་སྦག་སྦག་འཁོར་ལོ་ཞོན་ནས་ཉིན་དེར་ཐེངས་གསུམ་པར་གྲོང་མི་དབང་ཕྱུག་གི་ཁྱིམ་དུ་འབྱོར་བ་རེད།
           ངག་དབང་ཟླ་2ཚེས་5ཉིན་ཁྲེན་ཏུའུ་ནས་ཕྱིར་ཕ་ཡུལ་དུ་ལོག་པ་དང་། གྲོང་ཚོར་ལོག་རྗེས་ཁྱིམ་དུ་ལོགས་སུ་བཀར་ནས་བསྡད། “ད་ལྟ་གཟུགས་པོ་མི་བདེ་བ་འདུག་གམ། མགོ་ན་བཞིན་ཡོད་དམ།  གློ་ལུ་བཞིན་ཡོད་དམ།” འཕྲིན་ལས་ཀྱིས་ཕྱོགས་གཅིག་ནས་ངག་དབང་གི་གཟུགས་པོའི་དྲོད་ཚད་འཇལ་ནས་ཞིབ་ཕྲའི་ངང་ལས་ཀའི་རྩིས་ཐོ་འགོད་པ་དང་། ཕྱོགས་གཞན་ཞིག་ནས་ངག་དབང་གི་གནས་ཚུལ་ལ་ལྟ་ཞིབ་དང་འདྲི་རྩད་བྱེད་ཀྱིན་ཡོད། དེ་རྗེས་ངག་དབང་གི་ཁྱིམ་གྱི་མི་གཞན་པ་5ལ་དེ་དང་འདྲ་བར་ཞིབ་བཤེར་བྱས། “ང་རང་གྲོང་ཚོར་སླེབས་པ་ནས་བཟུང་། འཕྲིན་ལས་ནི་ངེད་ཚང་གི་ཁྱིམ་གྱི་སྨན་པར་གྱུར། ཁ་བ་བུ་ཡུག་འཚུབ་པའམ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་དགོས་བྱུང་རུང་།  ཉིན་ལྟར་ཐེངས་གསུམ་ལ་ཞིབ་བཤེར་བྱེད་པ་རེད།”ཅེས་ངག་དབང་གིས་དེ་ལྟར་བཤད།
གྲོང་ཚོའི་སྨན་པ་འཕྲིན་ལས་གྲོང་མིའི་ཁྱིམ་དུ་སོང་ནས་ལུས་དྲོད་འཇལ་བ།
           ངག་དབང་གི་ཁྱིམ་ནས་སྒོར་སླེབས་དུས་ས་རུབ་ནས་གནམ་གཤིས་ཇེ་གྲང་དུ་ཕྱིན་འདུག   ངག་དབང་ཁྱིམ་གྱི་སྒོ་རྩར་སླེབས་ཅིང་སྒེའུ་ཁུང་འགྲམ་ནས་རང་གི་བཟའ་ཟླ་དང་བུ་མོར་བལྟས་པ་དང་། ཆུང་མ་དང་བུ་མོར་འགོག་སྲུང་ལ་དོ་སྣང་བྱེད་དགོས་ཞེས་བརྗོད་དེ་མུ་མཐུད་གྲོང་ཚོའི་ཞིབ་བཤེར་ཚད་ལེན་ས་ཚིགས་སུ་ལས་ཀ་བྱེད་པར་ཕྱིན་པ་རེད། ད་ལོར་ལོ་ན་43ལ་སླེབས་པ་དང་གྲོང་ཚོའི་སྨན་པའི་ལས་གནས་སུ་ལོ་ངོ་13འགོར་བའི་ཁོང་ལ་རོང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། “ཁྱེད་ཀྱིས་རྒྱ་ཁང་གྲོང་ཚོའི་ཁྱིམ་ཚང་32ཀྱི་མི་131གི་འགན་འཁུར་དགོས་པ་མ་ཟད། ད་དུང་ཨ་མདོ་གྲོང་ཚོའི་ཁྱིམ་ཚང་94ཡི་མི་465ཡི་གཟུགས་པོར་བརྟག་དཔྱད་དང་། ལྷག་པར་དུ་གྲོང་ཚོར་ལོག་པའི་རོང་འབྲོག་པ་དང་གྲོང་ཚོའི་ཞིབ་བཤེར་ཚད་ལེན་ས་ཚིགས་ལའང་ལྟ་རྟོག་བྱེད་དགོས།”ཞེས་ཟླ་1ཚེས་26ཉིན་ཤང་ནས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱེད་སྐབས། འཕྲིན་ལས་ལ་ཆ་རྐྱེན་འདོན་པ་སོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མེད་པར་དང་ལེན་བྱས་པ་དང་། འགོག་སྲུང་གི་གཡུལ་ས་བརྟན་སྲུང་བྱས་ནས་བསྡད་པ་རེད།
གྲོང་ཚོའི་སྨན་པ་འཕྲིན་ལས་གྲོང་མིའི་ཁྱིམ་དུ་སོང་ནས་ལུས་དྲོད་འཇལ་བ།
           ཕར་ཚུར་འགྲོ་འོང་བྱེད་པའི་མི་རྣམས་ཀྱི་གཟུགས་པོའི་དྲོད་ཚད་ལེན་པ་དང་། ལོགས་བཀར་ཁྱིམ་ཚང་དུ་ཉིན་ལྟར་ཐེངས་གསུམ་ལ་གཟུགས་པོའི་དྲོད་ཚད་འཇལ་བ། དུས་ལྟར་སྤྱི་པའི་འདུ་གནས་དང་། ཚོང་ཁང་། དེ་བཞིན་གྲོང་མིའི་ཁྱིམ་དུ་དུག་སེལ་བྱེད་པ་སོགས་བྱེད་པ་དང་། ལས་རེས་ས་ཚིགས་ནས་ཟ་མ་ཟ་བ་དང་ཞག་འདུག་བྱེད་པ། ཉིན་གང་བོར་བཀའ་སྒུག་ནས་སྡོད་ཀྱིན་ཡོད་པས་རང་གི་བཟའ་ཟླ་དང་བུ་མོ་མཐོང་རྒྱུ་ཡང་ཁག་པོ་རེད། འཕྲིན་ལས་ཀྱིས་བརྗོད་དོན། “རིམས་ནད་མཇུག་མ་རྫོགས་བར་དུ། ང་རང་ལས་གནས་ལས་ཕྱིར་མི་ལོག་པར་ངེས་པར་དུ་བརྟན་སྲུང་བྱེད་པ་དང་། མང་ཚོགས་ཀྱི་གཟུགས་པོའི་བདེ་ཐང་ལ་སྲུང་སྐྱོབ་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ངེས་ཡིན།” ཞེས་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1