གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༢ཚེས་༢༡ཉིན།

གཏམ་བཟང་། མཚོ་སྔོན་གྱི་ཏོག་གསར་གློ་ཚད་ཕོག་པ་ཚང་མ་དྲག་འདུག

         སྤྱི་ཟླ2པའི་ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད10དང་སྐར་མ20སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཆེས་མཇུག་མཐའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དེ་གཉིས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ནས་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན།ད་བར་དུ། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་སྨན་ཁང་བཞི་པར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་15ཡོད་པ་ཚང་མ་དྲག་སྐྱེད་བྱུང་ནས་ཕྱིར་ཐོན་ཡོད། དེ་བཞིན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ཡོད་པའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་3ཡང་དྲག་སྐྱེད་བྱུང་ནས་ཕྱིར་ཐོན་ཡོད། ད་ལྟའི་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཁྱོན་བསྡོམས18ཐོན་པ་ཚང་མ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ལས་ཕྱིར་ཐོན་པ་རེད།
         ཐེངས་འདིར་སྨན་ཁང་ལས་ཕྱིར་ཐོན་པའི་ནད་པ་གཉིས་ནི་སྔ་ཕྱིར་སྤྱི་ཟླ་2པའི་ཚེས་2ཉིན་དང་ཚེས་4ཉིན་སྨན་ཁང་དུ་སླེབས་པ་དང་། ཉིན་དེ་རང་ལ་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བྱས་ཤིང་། བར་སྐབས་ཤིག་རིང་ནད་གཞི་ཇེ་ལོད་དུ་གྱུར་བས། ཞིང་ཆེན་རིམ་པའི་སྨན་བཅོས་སྐྱོབ་བཅོས་ཀྱི་ཆེད་མཁས་པ་མང་པོས་ཐེངས་མང་བརྟག་དཔྱད་དང་སྐྱོབ་བཅོས་བྱས་པ་དང་། ཉིན་20རིང་ལ་འབད་བརྩོན་བྱས་མཐར་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1