མཚོ་སྔོན་རྫ་སྟོད་རྫོང་གིས་ཧུའུ་པེ་ལ་དབྱར་རྩྭ་དགུན་འབུ་རྒྱ་མ་26ཞལ་འདེབས་སུ་ཕུལ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-21


        ཟླ་2ཚེས་18ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་མཉམ་ལས་ཁང་དང་། ཁེ་ལས། འབྲོག་པ་མང་ཚོགས་བཅས་ཀྱིས་རང་འགུལ་ངང་ཞལ་འདེབས་སུ་ཕུལ་བ་སྟེ། ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པ་བརྒྱུད་ཧུའུ་པེར་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་སྨན་དོན་ལས་དོན་པ་ཚོ་ལ་རིན་ཐང་སྒོར་ཁྲི་208ཡི་དབྱར་རྩྭ་དགུན་འབུ་ཁྱོན་རྒྱ་མ་26ཞལ་འདེབས་སུ་ཕུལ་བ་རེད། 
        ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་གཞོན་པ་ཚེ་རིང་སྒྲོལ་མས། ཡུན་རིང་མ་འགོར་བའི་གོང་དུ་མཚོ་སྔོན་ཞིང་ཆེན་གྱི་འབྲོག་པ་ཆིག་སྟོང་ལྷག་ཙམ་གྱིས་ཝུའུ་ཧན་དུ་སྒོར་ཁྲི་300ལྷག་ཙམ་རིན་པའི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་ཡོད་པ་དང་། དེ་རིང་རྫ་སྟོད་རྫོང་གིས་སླར་ཡང་ཞལ་འདེབས་ཕུལ་བས། དེས་ཡུལ་ཤུལ་མི་དམངས་ཀྱི་དྲིན་ལན་འཇལ་བའི་བརྩེ་སེམས་མཚོན་ཡོད་ཅེས་བཤད། ཟླ་2ཚེས་17ཉིན་གྱི་ཆུ་ཚོད་24བར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་རྟགས་ཚོགས་པ་ལ་ཁྱོན་དངུལ་སྒོར་ཁྲི་9960ལྷག་ཙམ་གྱི་དངུལ་དང་དངོས་པོའི་ཞལ་འདེབས་འབྱོར་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་པ་དང་། ཞལ་འདེབས་རྒྱག་མཁན་གྱི་འདོད་མོས་ལྟར་གཅིག་གྱུར་ཐོག་གཏོང་སྤྲོད་དང་བགོ་བཤའ་བརྒྱབ་ནས། དངོས་ཟོག་དུས་ཐོག་ཏུ་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་བསྐྱལ་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1