བོད་ལྗོངས་ཀྱི་ས་གནས་ཁག་ཏུ་བོད་ཀྱི་ལོ་གསར་རོལ་བཞིན་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-25



འདི་ནི་བོད་ལྭ་གྱོན་པའི་བོད་རིགས་བུ་མོ་ཆུང་ཆུང་ཞིག་གིས་ཕྱེ་མར་ཟ་བཞིན་པ།
ཟླ་2པའི་ཚེས་24ཉིན་ནི་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་ཡིན་ལ་བོད་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཚོས་བོད་ཀྱི་ལོ་གསར་རོལ་བཞིན་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་རྐྱེན་པས་ས་གནས་དེ་གས་ཁ་པར་ཐོག་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བ་དང་། ཕྱིར་བསྐྱོད་ཉུང་དུ་གཏོང་བ། གཅིག་སྡུད་མི་བྱེད་པ་བཅས་བྱས་ནས་ཁྱིམ་དུ་ལོ་གསར་གྱི་སྤྲོ་སྣང་ལོངས་སུ་སྤྱོད་བཞིན་ཡོད།

འདི་ནི་བོད་ལྭ་གྱོན་པའི་བོད་རིགས་གྲོགས་པོ་ཆུང་ཆུང་གཉིས་ཀྱིས་ཕྱེ་མར་ཟ་བཞིན་པ།
འདི་ནི་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་གྱི་ལྷ་སའི་གྲོང་གི་ཟུར་ཞིག་རེད།
འདི་ནི་རྒན་རབས་ལ་ཁ་བཏགས་ཕུལ་ནས་ཚེ་རིང་ནད་མེད་ཡོང་བར་སྨོན་འདུན་ཞུ་བཞིན་པའི་ཚུལ་རེད།
འདི་ནི་ལྷ་སའི་གྲོང་མི་ཞིག་གིས་ནས་ཆང་མ་འཐུང་གོང་མཆོད་ཁ་འཕེན་བཞིན་པའི་ཚུལ་རེད།
འདི་ནི་བོད་ཀྱི་མང་ཚོགས་ཀྱི་ཁྱིམ་དུ་བཞག་པའི་ལོ་གསར་གྱི་མཆོད་རྫས་རེད།
འདི་ནི་ལྷ་སའི་གྲོང་མིས་ཁྱིམ་དུ་བོད་རིགས་ཀྱི་སྲོལ་རྒྱུན་ལོ་གསར་གྱི་བཟའ་བཅའ་མྱོང་རོལ་བྱེད་བཞིན་པའི་ཚུལ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1