རིམས་ནད་འགོག་པའི་མི་དམངས་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-25


ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་༼རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས།༽  

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་འགོ་བརྗོད་དུ་༼རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས་༽ཞེས་འཁོད་པའི་དཔྱད་གཏམ་སྤེལ་ཡོད། དཔྱད་གཏམ་ནང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་གནས་ཚུལ་ལས་བལྟས་ན། ཧུའུ་པེ་དེ་ཉིད་སྔར་བཞིན་ང་ཚོས་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་འགོག་སྲུང་དམག་འཐབ་ལ་རྦད་དེ་རྒྱལ་ཁ་ལེན་ཐུབ་མིན་གྱི་འགག་རྩའི་རྒྱུ་རྐྱེན་ཡིན། ཉེ་བའི་དུས་མཚམས་ཤིག་རིང་། རྒྱལ་ཡོངས་ས་གནས་ཁག་གིས་ཛ་དྲག་རོགས་སྐྱོབ་བྱས་པ་བརྒྱུད། རིམས་ནད་འགོས་ཁྱབ་ཆེ་རུ་འགྲོ་བ་དང་། དངོས་ཟོག་མི་འདང་བའི་ཛ་དྲག་གནས་བབ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད། ཡིན་ནའང་ང་ཚོས་རྒྱལ་ཡོངས་ཀྱི་རིམས་ནད་འཕེལ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་མེད་པ་དང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ལ། ལས་འགན་ཡང་སྔར་བཞིན་ལྗི་པོ་ཡོད་པས། ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད་ལ། སྣང་ཆུང་རྩ་བ་ཉིད་ནས་བྱེད་རྒྱུ་མེད་པའི་ངོས་འཛིན་གསལ་པོ་བྱེད་དགོས་ཞེས་བསྟན་ཡོད།

     དཔྱད་གཏམ་ནང་། གཙོ་གནད་འབུར་དུ་ཐོན་པ་བྱས་ནས། ཧུའུ་པེ་སྲུང་སྐྱོབ་དམག་འཐབ་དང་། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་དགོས། ཡུལ་བབ་ལ་བསྟུན་པ་དང་། ལས་ཀར་བསྟུན་ནས། ཧེ་བག་ཅན་གྱི་ནད་འགོག་ཚོད་འཛིན་བྱེད་པའི་འཐབ་ཇུས་ཟམ་མི་ཆད་པར་འལེགས་སུ་གཏོང་བ། རིམས་ནད་ཀྱི་ཡང་ལྕིའི་ཚད་གཞིར་གཞིགས་ནས་གོ་རིམ་ལྡན་པའི་ངང་ས་ཁོངས་དེའི་ནང་གི་ད་ལྟའི་དུས་མཚམས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱེད་དགོས། ང་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་ནས་སེམས་ཤུགས་བརྟན་དུ་གཏོང་བ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས།གནད་ལ་འཕིགས་པའི་སྲིད་ཇུས་ལག་བསྟར་བཅས་ཚེ། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་དང་། ཐུན་མོང་ཐོག་དཔྱིད་དུས་ལ་བསུ་བ་ཞུ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་སྟོན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1