ནད་ཡམས་འགོག་ཟོན་གྱི་འཐབ་ས་དང་པོའི་ལས་དོན་པར་གུས་བཏུད་ཞུ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 02-26



    ནད་ཡམས་འགོག་ཟོན་གྱི་འཐབ་ས་དང་པོའི་ལས་དོན་པར་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་ཆེད། ཉེ་དུས་བོད་ལྗོངས་དབྱི་ཧང་སྤྱི་ཚོགས་སྤྱི་ཕན་ཞབས་ཞུ་ལྟེ་གནས་ཀྱིས་བོད་ལྗོངས་གནས་མཆོག་རང་བྱུང་གཏེར་ཆུ་ཚད་ཡོད་ཀུང་སི་དང་མཉམ་དུ། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་དང་སྣེའུ་ཞིབ་བཤེར་ས་ཚིགས། དེ་བཞིན་འཇག་མ་གླིང་ཁ། ལྷ་ཞབས་གླིང་ཕྲན། ཚེ་སྨོན་གླིང་སྡེ་ཁུལ་སོགས་སུ་སྒོར་ཁྲི་གསུམ་ལྷག་ཙམ་ཟིན་པའི་གཏེར་ཆུ་བསྐྱལ་བ་རེད།
    ནད་ཡམས་འགོག་ཟོན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣ་ཚོས། མུ་མཐུད་ཡིད་ཆེས་བརྟན་པོ་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་ཟོན། གནད་སྨིན་ཇུས་འདོན་བཅས་བྱས་ཏེ། རིམས་ནད་འགོག་རྒོལ་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་ནད་ཡམས་འགོག་ཟོན་གྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1