ཉིན་28བསྟུད་མར་བོད་ལྗོངས་སུ་ནད་དཔེ་གསར་པ་ཐོན་མི་འདུག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 02-27



        2020ལོའི་ཟླ་2ཚེས་26ཉིན་གྱི་ཆུ་ཚོད་24བར། བོད་ལྗོངས་སུ་ད་ཆ་ཏོག་གསར་གློ་ཚད་ཕོག་པ་གཏན་འཁེལ་བའི་ནད་དཔེ་དང་། ནད་གཞི་ལྕི་བའི་ནད་དཔེ། གྲོངས་པའི་ནད་དཔེ། དོགས་ཡོད་ནད་དཔེ་བཅས་མེད་པ་དང་། རིམ་རྩིས་ལྟར་ན། བོད་ལྗོངས་སུ་གཏན་འཁེལ་བའི་ནད་དཔེ་1བྱུང་བ་དང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་1བྱུང་ཡོད། ཉིན་28བསྟུད་མར་ནད་གཞི་ཕོག་པ་གཏན་འཁེལ་བའི་ནད་དཔེ་དང་། དོགས་ཡོད་ནད་དཔེ་མང་དུ་ཕྱིན་མེད།
མཛའ་བརྩེའི་དྲན་སྐུལ།
དམིགས་བསལ་དུས་སུ། རིག་པ་བསྒྲིམས་ནས།
ལྷོད་གཡེང་མ་གནོང་།
ཕྱི་ལ་མ་འགྲོ། འཛོམ་འཛོམ་མ་བྱེད། རང་གི་ནང་ལ།
ཡག་པོ་འདུག་དང་།
ཕྱི་ལ་ཕྱིན་ན། ཁ་རས་རྒྱོབ་དང་། གང་སར་མ་རེག
བཀའ་མོལ་གནང་སྐབས། ཉེ་པོ་མ་བྱེད།
ནང་ལ་ལོག་རྗེས། ཕྱག་བསིལ་གནང་རོགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1