ཚན་རིག་དང་མཐུན་པའི་ཁག་བགོས་འགྲེམས་གཏོང་བྱས་ནས་སྔོན་འགོག་ཚོད་འཛིན་གནད་སྨིན་བྱེད་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-03



འདི་ནི་ལས་དོན་མི་སྣས་བོད་དུ་ཡོང་མཁན་མི་སྣ་ཁག་བགོས་འགྲེམས་གཏོང་བྱེད་བཞིན་པ།
        ཉེ་དུས། བོད་དུ་ཕྱིར་ལོག་བྱེད་མཁན་ཚོང་པ་དང་ལས་མི་རིམ་བཞིན་མང་དུ་འགྲོ་བཞིན་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་རིག་གནས་ལུས་རྩལ་ལྟེ་གནས་ཀྱིས་བོད་དུ་ཡོང་མཁན་མི་སྣ་ཁག་བགོས་བྱ་ཡུལ་བཟོས་ཏེ་གང་མགྱོགས་གྲལ་བཤེར་དང་། ཁག་བགོས་འགྲེམས་གཏོང་། སྐྱེལ་འདྲེན་བཅས་བྱ་རྒྱུའི་འགན་ལེན་བྱས་ཡོད། འབྲེལ་ཡོད་འགན་འཁུར་བས་ལུས་རྩལ་ཁང་དུ་ལྗོངས་ཕྱིའི་ལྟ་ཞིབ་བྱ་ཡུལ་མི་སྣ་གཅིག་གྱུར་ཐོག་ཁག་བགོས་འགྲེམས་གཏོང་བྱས་ནས་མི་སྣའི་ཆ་འཕྲིན་བསྐྱར་ཟློས་ཐོ་འགོད་མི་བྱེད་པ་དང་མི་སྣ་འགོར་སྐྱིལ་གྱི་དུས་ཚོད་ཐུང་དུ་བཏང་བ་དང་དུས་མཚུངས་ཁང་པའི་ནང་ནས་ཕན་ཚུན་ན་ཚ་འགོས་པའི་ཉེན་ཁ་ཆུང་དུ་བཏང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1