ཀྲུང་ནན་ཧྲན་གྱི་སྣེ་ཁྲིད་འོག་ཁོ་ཚོས་མཉམ་དུ་དམ་བཅའ་བཞག

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-04



ཟླ་3ཚེས་2ཉིན།

ཀོང་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་རུ།

“རིམས་ནད་”མདུན་སའི་དམིགས་བསལ་ཏང་ཞུགས་ཀྱི་

དམ་བཅའ་འཇོག་པའི་མཛད་སྒོ་ཐོག་མ་སྤེལ་བ་དང་།

ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་སྣེ་ཁྲིད་བྱས།

  

ཀྲུང་ནན་ཧྲན་གྱིས་ཏང་གི་དར་ཆའི་མདུན་དུ།

ད་ལྟ་ཏང་ཡོན་ཚོས་དཔའ་ཁས་ལེན་བྱེད་པའི་དུས་ལ་སླེབས་ཡོད་ཅེས་བཤད།

 

ཀྲུང་ནན་ཧྲན། ད་ལྟ་གུང་ཁྲན་ཏང་ཡོན་ཚོས་དཔའ་ཁས་ལེན་བྱེད་པའི་དུས་ལ་སླེབས་ཡོད།

     ཟླ་3ཚེས་2ཉིན། ཀོང་ཀྲོའུ་དང་ཝུའུ་ཧན་གཉིས་སུ་ཏང་ཞུགས་དམ་བཅའ་འཇོག་པའི་མཛད་སྒོ་དམིགས་བསལ་བ་རེ་སྤེལ་ཡོད། ཀོང་ཀྲོའུ་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་པོ་དང་ཀོང་ཏུང་ཞིང་ཆེན་གྱི་ཝུའུ་ཧན་རོགས་སྐྱོར་སྨན་བཅོས་རུ་ཁག་རྒྱང་རིང་བརྙན་འབྲེལ་བྱས་པ་དང་། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་རིམས་ནད་འགོག་བཅོས་ཀྱི་མདུན་སར་འབད་འཐབ་བྱེད་བཞིན་པའི་ནད་ལྕི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཞུས་ཡུང་ཧའོ་དང་། ཧན་ཁོའུ་སྨན་ཁང་གི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་སྨན་གཡོག་ལི་དབྱིན་ཞན་ཏེ་“དམིགས་བསལ་ཏང་ཞུགས་”པ་གཉིས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འགོ་འཛིན་བྱས་པ་རེད།

     ལི་དབྱིན་ཞན་ཝུའུ་ཧན་གྱི་རིམས་འགོག་མདུན་སར་ཡོད་པས་ད་ཐེངས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་རྒྱང་འབྲེལ་བརྙན་ལམ་བརྒྱུད་ནས་སྤེལ་བ་རེད། ཡོན་ཧྲི་ཀྲུང་ནན་ཧྲན་གྱི་སྣེ་ཁྲིད་འོག གྲ་སྒྲིག་ཏང་ཡོན་གསར་པ་གཉིས་ཀྱིས་ཏང་གི་དར་ཆའི་མདུན་དུ་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་པ་རེད། 

ཐེངས་འདིའི་དམ་བཅའ་འཇོག་པའི་མཛད་སྒོ་རྒྱང་འབྲེལ་བརྙན་ལམ་བརྒྱུད་ནས་སྤེལ་བ་རེད།

     མཛད་སྒོའི་ཐོག ཀྲུང་ནན་ཧྲན་གྱིས་བློ་མཐུན་ཞུས་ཡུང་ཧའོ་དང་ལི་དབྱིན་ཞན་གཉིས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་མདུན་སར་འབད་འཐབ་བྱེད་བཞིན་ཡོད། སྐབས་འདིར་“དམིགས་བསལ་ཏང་ཞུགས་”བྱས་པ་འདི་ཁྱེད་ཚོར་མཚོན་ན་ཚེ་གང་ལ་བརྗེད་པར་དཀའ་བ་ཞིག་ཡིན་ངེས་ཞེས་བཤད། 

     ཀྲུང་ནན་ཧྲན་གྱིས་རང་རྒྱལ་གྱི་ཏོག་གསར་གློ་ཚད་འགོག་རྒོལ་གྱི་ལས་ཀར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པ་ནི་མདུན་སའི་སྨན་དོན་མི་སྣས་དཀའ་ཁག་ལ་མ་འཛེམ་པར་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་ཁ་འབྲལ་ཐབས་མེད་ཚུལ་བསྟན་ལ། ཁོང་གིས་ལི་དབྱིན་ཞན་ལ་ཁྱོད་ཀྱིས་འཕྲལ་མ་ཉིད་དུ་ཝུའུ་ཧན་དུ་འགྲོ་བའི་མིང་ཐོ་བཀོད་འདུག་པས། ངས་ཁྱེད་ཀྱི་སྤྱིར་བཏང་གི་ལས་ཀའི་ཁྲོད་ནས་རླབས་ཆེན་མཐོང་བྱུང་། ཞུས་ཡུང་ཧའོ་ཡིས་བོད་ལྗོངས་ཉིང་ཁྲིར་བོད་སྐྱོར་ལས་འགན་སྒྲུབ་བཞིན་ཡོད་མོད་རིམས་ནད་བྱུང་རྗེས་འཕྲལ་མར་སླར་ཀོང་ཏུང་དུ་ལོག་ནས་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་སྨན་བཅོས་བྱེད་འགན་ཕྲག་ཏུ་བླངས་འདུག ཉེན་ཁའི་མདུན་དུ་བློས་གཏོང་ནུས་པ་ནི་གུང་ཁྲན་ཏང་ཡོན་གྱི་རང་མདངས་ཡིན་ཞེས་བཤད།

     རིམས་ནད་ཀྱིས་འཚེ་བའི་དུས་འདིར་གུང་ཁྲན་ཏང་ཡོན་ཚོས་དཔའ་ཁས་ལེན་གྱིས་འགན་འཁུར་ཕྲག་ཏུ་ལེན་པ་དང་། ལེགས་སྐྱེས་འབུལ་བའི་དུས་ལ་བབས་པ་ཡིན། ཀྲུང་ནན་ཧྲན་གྱིས། རིམས་ནད་མྱུར་དུ་བསལ་ནས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

 

ཞུས་ཡུང་ཧའོ། གང་དུ་དགོས་མཁོ་ཡོད་ན་ང་རང་དེ་རུ་འགྲོ་རྒྱུ་ཡིན།

     རིམས་འགོག་མདུན་སར་གཟི་བརྗིད་ལྡན་པའི་གྲ་སྒྲིག་ཏང་ཡོན་ཞིག་ཏུ་གྱུར་པས་ཞུས་ཡུང་ཧའོ་ཧ་ཅང་དགའ་ཡོད་ལ། ཁོས་སྨན་པ་ཞིག་ཡིན་པའི་ངོས་ནས་ནད་པ་ཚེ་སྲོག་གི་ཉེན་ཁ་དང་སྡུག་བསྔལ་ནས་སྒྲོལ་བ་ནི་འགན་འཁྲི་ཡིན། ང་དེ་སྔོན་ཏང་ནང་ཞུགས་མཁན་ཧུར་བརྩོན་ཅན་ཡིན་དུས་ནས་བཟུང་རང་ཉིད་ཏང་ཡོན་གྱི་ཚད་གཞི་ལྟར་བླང་བྱ་ནན་མོ་བཏོན་པ་ཡིན། ད་ལྟ་གཟི་བརྗིད་ལྡན་པའི་སྒོ་ནས་གྲ་སྒྲིག་ཏང་ཡོན་ཞིག་ཏུ་གྱུར་བས། ངས་སྔར་བས་ཀྱང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རྩ་འཛུགས་ཀྱི་རེ་བ་ལེགས་པོར་སྒྲུབ་ངེས་ཡིན་ཞེས་བཤད།

     ན་ནིང་ཟླ་6པར། ཞུས་ཡུང་ཧའོ་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པར་གྱུར་ལ། བོད་ལྗོངས་ཉིང་ཁྲི་མི་དམངས་སྨན་ཁང་དུ་ལོ་གཅིག་ལ་སྨན་བཅོས་རོགས་སྐྱོར་གྱི་ལས་ཀ་བསྒྲུབས། 2019ལོའི་ཟླ་12པར་ཏང་རྩ་འཛུགས་ལ་ཏང་ཞུགས་རེ་ཞུའི་ཡི་གེ་ཕུལ་བ་རེད།

△ཞུས་ཡུང་ཧའོ་(གཡོན་གྱི་དང་པོ།)ཡིས་ནད་པ་སྐྱེལ་བཞིན་པ། 

    ཀོང་ཏུང་གི་རིམས་ནད་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཐོས་རྗེས། ཁོས་བོད་སྐྱོར་རུ་ཁག་གི་སྣེ་འཁྲིད་མཁན་ལ་ཀོང་ཏུང་དུ་རོགས་སྐྱོར་ལ་འགྲོ་བའི་རེ་འདུན་ཞུས་ལ། ཀོང་ཀྲོའུ་རུ་སླེབས་མ་ཐག་རིམས་འགོག་ལས་དོན་དུ་ཞུགས་པ་རེད། ཁོས་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ང་ཚོར་དགོས་མཁོ་གང་དུ་ཡོད་ན། རང་ཉིད་དེ་རུ་འགྲོ་དགོས་པའི་མིག་དཔེ་བསྟན་ཡོད་ལ། ང་ཚོས་ཀྱང་དེ་བཞིན་དུ་སྒྲུབ་དགོས་ཞེས་ཟེར། 

སྨན་གཡོག་ལི་དབྱིན་ཞན། འཕྲལ་མར་རོགས་སྐྱོར་དུ་ཕྱིན་ཞིང་རིམས་ནད་ཁྲོད་ཏང་ཞུགས་རེ་ཞུ་ཕུལ།

     ལོ་རབས་90པའི་ནང་སྐྱེས་པའི་གསང་རྒྱུད་ཟགས་གཤེར་ཚན་ཁག་གི་ན་ཆུང་ནད་གཡོག་ལི་དབྱིན་ཞན་གྱིས་སྨན་ཁང་གི་འབོད་སྐུལ་དང་དུ་བླངས་ནས།  ཟླ་1ཚེས་24ཉིན་ཏེ་གནམ་གང་དགོང་མོར་སྨན་ཁང་གི་མི་5ཅན་གྱི་སྨན་བཅོས་རུ་ཁག་ཏུ་ཞུགས་པ་དང་། ཧུའུ་པེ་ཝུའུ་ཧན་ཧན་ཁོའུ་སྨན་ཁང་དུ་བསྐྱོད་དེ་རིམས་ནད་འགོག་བཅོས་ལས་དོན་ལ་རོགས་སྐྱོར་བྱས། ཝུའུ་ཧན་དུ་འབྱོར་བའི་ཉིན་གཉིས་པར། ཁོ་མོས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ནང་ཏང་ཞུགས་རེ་ཞུའི་ཡི་གེ་བྲིས་པ་རེད།

     རོགས་སྐྱོར་བྱས་པའི་ཟླ་གཅིག་ལྷག་གི་རིང་ཁོ་མོ་འཚར་ལོངས་མགྱོགས་པོ་བྱུང་ཡོད། ནད་ཁང་དུ་ནད་ཞབས་དང་གཙང་སྦྲ་བྱེད་མཁན་མེད་པས། ཁོ་ཚོས་ནད་གཡོག་གི་ལས་ཀ་མ་ཟད་ནད་པའི་འཚོ་བ་བདག་སྐྱོང་དང་ནད་ཁུལ་གད་དར་བྱེད་འགན་ཡང་འཁུར་དགོས་ཀྱི་ཡོད།

མདུན་སར་ཡོད་པའི་ལི་དབྱིན་ཞན།

     ཝུའུ་ཧན་དུ་རོགས་སྐྱོར་བྱེད་རིང་ལི་དབྱིན་ཞན་གྱིས་རྩ་འཛུགས་ཀྱི་སེམས་ཁུར་དང་བདེ་སྐྱིད་ཚོར་ཡོད། ཁོ་མོས་ཉིན་ཐོའི་ནང་ངས་འབད་བརྩོན་ལྷོད་མེད་བྱས་ཏེ་གུང་ཁྲན་ཏང་ཡོན་ཚད་དང་ལྡན་པ་ཞིག་འཁྱོངས་ཐབས་ལ་འབད་བརྩོན་བྱས་ཏེ། ད་ཐེངས་ཀྱི་རིམས་ནད་ཁྲོད་རང་ཉིད་ཀྱིས་ལེགས་སྐྱེས་འཇོག་པ་དང་། ནད་པ་ཚར་མར་བདེ་ཐང་དང་སྤྲོ་སྣང་ལྡན་ཐུབ་པར་བྱེད་རྒྱུ་ཡིན་ཞེས་བྲིས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1