མཚོ་སྔོན་པོར“འཕར་གསུམ་ཆག་གསུམ་མི་འགྱུར་གཅིག་”བྱུང་བ་དང་སྐྱེས་ཁམས་ཁོར་ཡུག་རྒྱུན་མཐུད་ཀྱིས་ལེགས་སུ་འགྲོ་བཞིན་པ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-06



        ཟླ་3ཚེས་3ཉིན་ནི“འཛམ་གླིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཉིན་མོ”ཡིན་ཞིང་། ཉིན་དེར་མཚོ་སྔོན་ཟི་ལིང་དུ་ཁྱབ་བསྒྲགས་བྱས་པའི《མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ》ཞེས་པའི་ནང་། མཚོ་སྔོན་པོར“འཕར་བ་གསུམ་དང་། འཕྲི་བ་གསུམ། མི་འགྱུར་བ་གཅིག”གི་རྣམ་པ་མངོན་པས། སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད།
        ཀྲུང་གོའི་སྐམ་སའི་མཚེའུ་ཆེ་ཤོས་ཡིན་ངོས་ནས། མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆུའི་མ་ལག་གལ་ཆེན་དང་། ནུབ་རྒྱུད་བྱེ་ཐང་ཅན་དུ་འགྱུར་བ་དེ་ཤར་རྒྱུད་དུ་མཆེད་པར་ཚོད་འཛིན་བྱེད་པའི་རང་བྱུང་སྲུང་ཡོལ་དང་། ནུབ་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་བྱ་ཡུལ་གལ་ཆེན། ཆུ་རླངས་འཁོར་རྒྱུག་བགྲོད་ལམ་གལ་ཆེན་བཅས་ཡིན་པ་མ་ཟད། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་མའི་དུས་བྱ་གནས་སྤོའི་ལམ་ཐིག་གཉིས་ཀྱི་འབྲེལ་མཚམས་ཤིག་ཀྱང་ཡིན་པས། གནའ་ནས་ཀྲུང་གོའི་ནུབ་བྱང་རྒྱུད་ཀྱི“གནམ་གཤིས་སྙོམས་སྒྲིག་ཡོ་བྱད”དང“མཁའ་རླུང་བརླན་ཆས”མཚོ་བོད་ས་མཐོའི་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཅེས་པའིམཚན་སྙན་ཡོད།
        མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས“འཕར་སྣོན་གསུམ་དང་། འཕྲི་གཅོག་གཅིག འགྱུར་མེད་གཅིག”ནི་འདམ་རའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་ཁྲི་1.51འཕར་བ་དང་། སྔོ་ཁེབས་ཚད་13.5%འཕར་བ། མཚོ་སྔོན་པོའི་སྣོད་བཅུད་ནུས་པ་ཧྲིལ་པོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ཆབས་ཅིག སྲུང་སྐྱོང་ཁུལ་གྱི་བྱེ་ས་དང་། ས་སྒྲེན་མོ། བ་ཚྭ་ཅན་བཅས་ཀྱི་ས་ཆའི་རྒྱ་ཁྱོན་རིམ་རྩིས་བྱས་ན་སྤྱི་ཆིང་7736ཉུང་དུ་ཕྱིན་པ། སྲུང་སྐྱོང་ཁུལ་གྱི་སྲུང་སྐྱོང་ནུས་པ་རང་བཞིན་བེད་སྤྱོད་པའི་ས་ཆ་ལོ་15ཡི་རིང་འགྱུར་ལྡོག་མེད་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
        སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས། མཚོ་སྔོན་པོའི་ས་ཁོངས་ཀྱི་འདབ་ཆགས་རིགས་1996ལོའི་རིགས་164ནས་མིག་སྔའི་225བར་མང་དུ་ཕྱིན་པ་དང་། མཚོ་སྔོན་པོའི་ཆུ་ཁ་ལོ་15རིང་བསྟུད་མར་འཕར་བ་སྟེ། 2019ལོར་ཆུ་ཁ་སྨི་3196.24ཟིན་པ་དང་དེ་ནི་2004ལོའི་ཆུ་ཁ་ལས་སྨི་3.27གྱིས་འཕར་བ་དང་། 2019ལོར་མཚོ་སྔོན་པོའི་ཆུ་ཁའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་4549.38ཟིན་པ་དང་། དེ་2004ལོའི་དུས་མཚུངས་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་304.88མང་དུ་ཕྱིན་ཡོད།
        ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མཚོ་སྔོན་པོའི“མཚོ་སྐམ་མཁའ”ཡི་མཛུབ་སྟོན་རང་བཞིན་གྱི་དངོས་རིགས་མང་པོ་རིམ་བཞིན་མང་དུ་ཕྱིན་པ་དང་། འདམ་རའི་འགག་རྩའི་རང་བཞིན་གྱི་སྲོག་ཆགས་ཏེ་མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་9.3ཟིན་ཞིང་། དེ་ནི་2002ལོ་ལས་ལྡབ་35.87འཕར་ཡོད། མཚོ་སྔོན་པོའི་ཐུན་མོང་མ་ཡིན་པ་སྟོངས་ལ་ཉེ་བའི་དགོ་བའི་རིགས་300ལྷག་ཙམ་ནས་2000ལྷག་ཙམ་བར་མང་དུ་ཕྱིན་པ་དེ་ནི་ལྟ་ཞིབ་ཚད་ལེན་བྱས་ཚུན་གྱི་ལོ་རྒྱུས་ནང་མཐོ་ཤོས་སུ་སླེབས་ཤིང་། ཁྲུང་ཁྲུང་སྐེ་ནག་40ནས་130ལྷག་ཙམ་བར་མང་དུ་ཕྱིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1