ཚོང་ཁང་6གི་ལས་མིར་ཏོག་གསར་གློ་ཚད་འགོས་ཡོད་པས་གཟབ་རོགས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-06


   གསར་འགོད་པས་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཆ་འཕྲིན་བསྡོམས་རྩིས་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན།  མིག་སྔར། ཀྲུང་གོའི་ནང་ས་དང་ཤང་ཀང་དུ་ཉུང་མཐར་ཡང་ཚོང་ཁང་6གི་ལས་མི་10ལ་ཏོག་གསར་གློ་ཚད་ཀྱི་ནད་འགོས་ཡོད་པ་རེད།

ལས་མིར་ཏོག་གསར་གློ་ཚད་འགོས་པའི་ཚོང་ཁང་དྲུག་པོ་རེ་རེ་བཞིན་གཤམ་གསལ་ལྟར།

ཟླ་1ཚེས་31ཉིན། ཐེན་ཅིན་གྲོང་ཁྱེར་གྱི་པའོ་ཏི་ཚོང་ཟོག་སྣ་མང་ཐོག་བརྩེགས་ཚོང་ཁང་གི་天津市宝坻百货大楼)ཚོང་ཟོག་འཚོང་མཁན་མི་1ལ་ཏོག་གསར་གློ་ཚད་ཕོག་ཡོད་པ་གཏན་འཁེལ་བྱས།

ཟླ་2ཚེས་2ཉིན། ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་གྱིས་ཀུའེ་ཏེ་ལུའུ་ཏ་རུན་ཧྥ་སྒོ་རྩིས་ཚོང་ཁང་河南省商丘市确诊归德路大润发)གི་ལས་མི་1ལ་ཏོག་གསར་གློ་ཚད་ཕོག་ཡོད་པ་གཏན་འཁེལ་བྱས།

ཟླ་2ཚེས་4ཉིན། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱིས་ཡུན་ཙའོ་ཚོང་རའི་ཡན་ཧྲན་ཚོང་ཁང་山东省济南市确诊银座商场燕山店ལས་མི་2ལ་ཏོག་གསར་གློ་ཚད་ཕོག་ཡོད་པ་གཏན་འཁེལ་བྱས།

ཟླ་2ཚེས་6ཉིན། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་ཏུང་ཁྲང་ཧྥུ་ཆུས་ཀྲེན་ཧྭ་སྒོ་རྩིས་ཚོང་ཁང་གི་ཀྲ་ཁོའུ་ཚོང་ཁང་山东省聊城市东昌府区振华超市闸口店གི་ལས་མི་5 ལ་ཏོག་གསར་གློ་ཚད་ཕོག་ཡོད།

ཟླ་2ཚེས་15ཉིན། ཧྲེན་ཀྲེན་པའོ་ཨན་ཆུས་ཞིན་ཨན་ཁྲོམ་གཞུང་ལྔ་པའི་ཧྭ་རུན་ཝན་ཅ་ཚོང་ཁང་深圳宝安区新安街道五区华润万家商场གི་ཚོང་དུད་ལས་མི་1ལ་ཏོག་གསར་གློ་ཚད་ཕོག་ཡོད།

ཟླ་2ཚེས་29ཉིན། ཤང་ཀང་གི་རྩེར་སོན་སྒོ་རྩིས་ཚོང་ཁང་Fusion香港高端超市Fusion)ཞེས་པའི་ནང་དུའང་ལས་མི་1ལ་ཏོག་གསར་གློ་ཚད་ཕོག་ཡོད། 

    ཟླ་3ཚེས་2ཉིན། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ལིའུ་པོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཐོག ཚོང་ར་དང་སྒོ་རྩིས་ཚོང་ཁང་གིས་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་དགོས་མཁོ་སྐོང་དགོས་པས།  ངེས་པར་དུ་སྒོ་ཕྱེ་དགོས་མོད། ཡིན་ནའང་འཛད་སྤྱོད་མཁན་གྱི་ངོས་ནས་བརྗོད་ན། ང་ཚོ་ས་གནས་དེ་དག་ལ་འགྲོ་རྒྱུ་ཉུང་གང་ཐུབ་གཏོང་དགོས་ཤིང་།  འགྲོ་དགོས་བྱུང་ནའང་དེར་འཆམ་པའི་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བྱེད་དགོས་ལ། ང་ཚོ་ཚོང་རར་འགྲོ་དོན་ནི་དངོས་ཟོག་ཉོ་ཆེད་ཡིན་པ་ལས་ཚོང་ཁང་ཉུལ་རྒྱུ་མིན་ཞེས་བཤད་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1