འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ཟིན་ཡོད་ཅེས་བརྗོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-10


        ཚེས་8ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོ་རོབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས་8ཉིན་གྱི་ཆུ་ཚོད་10བར(པེ་ཅིང་གི་དུས་ཚོད་ཚེས་8ཉིན་གྱི་ཆུ་ཚོད་17བར)འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འབྱོར་བའི་རྒྱལ་ཁབ་ཁག་གི་སྙན་ཞུའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཀྲུང་གོ་ཕུད་པའི་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྒྱལ་ཁབ་དང་ས་ཁུལ་གྱི་གྲངས་འབོར་101ཟིན་ཡོད་ཅེས་བརྗོད་པ་རེད། 
     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་སྙན་ཞུ་ལས་མངོན་པར་གཞིགས་ན། ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་བའི་ནད་དཔེ་དེ་ཉིན་གོང་མ་ལས་ནད་དཔེ་3610མང་དུ་ཕྱིན་ནས་ནད་དཔེ་24727ཟིན་པ་དང་། ཚེ་འདས་ནད་དཔེ་ཉིན་གོང་མ་ལས་ནད་དཔེ་71མང་དུ་ཕྱིན་ནས་ནད་དཔེ་484ཟིན་ཡོད། 
     གྲངས་གཞི་ལས་མངོན་པར་གཞིགས་ན། ཚེས་8ཉིན་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་གཏན་འཁེལ་བྱས་བའི་ནད་དཔེ་ནི་ཉིན་གོང་མ་ལས་ནད་དཔེ་3656མང་དུ་ཕྱིན་ནས་ནད་དཔེ་105586ཟིན་པ་དང་། ཚེ་འདས་ནད་དཔེ་ནི་ཉིན་གོང་མ་ལས་98མང་དུ་ཕྱིན་ནས་3584ལ་ཟིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1