གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༠ཉིན།

རྟའུ་རུ་བསྟུད་མར་ཉིན་11ལ་ནད་པ་བྱུང་མེད།



     སྤྱི་ཟླ་3པའི་ཚེས་9ཉིན་གྱི་ཆུ་ཚོད་24བར།  སི་ཁྲོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་ཀྱི་ནད་པ་གསར་པ་བྱུང་མེད།  ཞིང་ཆེན་ཡོངས་ལ་ད་སྔར་ནད་ངོ་བཟུང་བའི་ནད་པ་539བྱུང་ཡོད་ལ།  དེ་ལས་ནད་པ་66ཟུར་དུ་བཀར་ནས་སྨན་བཅོས་བྱེད་བཞིན་ཡོད།  ད་དུང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་པ་470ཡོད་པ་དང་ཚེ་ལས་འདས་པའི་ནད་པ་3ཡོད།  གཞན་ཡང་ཉིན་དེར་མི་40ལ་གསོ་རིག་བརྟག་དཔྱད་བྱས་ཏེ་ནད་འགོས་མེད་པ་ཐག་བཅད་ཅིང་།  མི་314ལ་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད།
     སྤྱི་ཟླ་3པའི་ཚེས་9ཉིན་གྱི་ཆུ་ཚོད་24བར། དཀར་མཛེས་ཁུལ་དུ་ནད་པ་གསར་པ་བྱུང་མེད་པ་དང་།  ད་ལྟའི་བར་དཀར་མཛེས་ཁུལ་ལ་ནད་པ་78བྱུང་ཡོད་ལ།  དེ་དག་ལས་རྟའུ་རུ་ནད་པ་73དང་དར་མདོ་ལ་ནད་པ་2 གསེར་རྟ་ལ་ནད་པ་2དང་འདབ་པ་ལ་ནད་པ་1བཅས་ཡོད་པ་དང་།  ནད་པ་71དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1