དཀར་མཛེས་ཁུལ་གྱི་ནད་པ་78ལས་ནད་པ་71དྲག་ཟིན།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-10



    སྤྱི་ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོའི་དུས་ཚོད5པ་ཡར་མར་ཞིག་ལ། རྟའུ་རྫོང་གི་ཏོག་གསར་གློ་ཚད་ནད་པ5དྲག་ཏེ། རྟའུ་རྫོང་སྨན་ཁུལ་གཉིས་པ་ནས་ཕྱིར་བུད་ཡོད་པ་རེད། ཁོ་ཚོ་མ་འོངས་པའི་ཉིན14ཡི་རིང་ལ་ཁྱིམ་དུ་ཟུར་བཀར་བྱེད་པའམ་ཡང་ན་གནས་ས་གཏན་ཁེལ་དུ་གསོ་རིག་བརྟག་དཔྱད་བྱ་དགོས་པ་རེད།
    ཁུལ་ཡོངས་ལ་ཁྱོན་ཏོག་གསར་གློ་ཚད་ནད་པ78གཏན་ཁེལ་བྱས་པའི་ཁྲོད་དུ་ནད་པ71དྲག་ནས་སྨན་ཁང་ལས་ཕྱིར་བུད་ཡོད་པས་ནད་དྲག་ཚད་གྱི་མི་གྲངས་དེ91%ཟིན་ཡོད་པ་རེད། མིག་སྔར་གཏན་ཁེལ་ནད་པ7ད་རུང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
     རང་ཁུལ་གྱི་རྟའུ་རྫོང་དུ་འདས་པའི་ཉིན10ཡི་རིང་ལ་གསར་བྱུང་གི་ཏོག་གསར་གློ་ཚད་ནད་པ་གཅིག་ཀྱང་བྱུང་མེད་པ་དང་། དེ་མིན་རྫོང་དང་གྲོང་ཁྱེར17ལ་འདས་པའི་ཉིན34ཡི་རིང་ལ་ཏོག་གསར་གློ་ཚད་ནད་པ་གཅིག་ཀྱང་བྱུང་མེད་པ་རེད།

ཁ་སང་སྨན་ཁང་ལས་བུད་པའི་ནད་པ་དག་གི་གནས་ཚུལ།
བུད་མེད་ལེགས་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ66རེད། སྤྱི་ཟླ2པའི་ཚེས25ཉིན་ཏོག་གསར་གློད་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།
བུད་མེད་རང་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ54རེད། སྤྱི་ཟླ2པའི་ཚེས15ཉིན་ཏོག་གསར་གློད་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།
སྐྱེས་པ་བཀྲ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ70རེད། སྤྱི་ཟླ2པའི་ཚེས19ཉིན་ཏོག་གསར་གློད་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།
སྐྱེས་པ་སྐལ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ30རེད། སྤྱི་ཟླ2པའི་ཚེས27ཉིན་ཏོག་གསར་གློད་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།
སྐྱེས་པ་འཇམ་ཆེ་གེ་མོ་ནི་རྟའུ་རྫོང་གི་མི་རེད། ལོ45རེད། སྤྱི་ཟླ2པའི་ཚེས27ཉིན་ཏོག་གསར་གློད་ཚད་ནད་པ་ཡིན་པ་གཏན་ཁེལ་བྱས་རྗེས་གནས་ས་གཏན་ཁེལ་དུ་ཟུར་བཀར་སྨན་བཅོས་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1