དཀར་མཛེས་རྫོང་གི་གསར་འགྱུར་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་བྱེད་ཐབས་ལེགས་པོ་སྤྱད་དེ་རིམས་ནད་འགོག་བཅོས་ལ་རམ་འདེགས་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-12



         རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གོ་རིམ་ཁྲོད། དྲིལ་སྒྲོག་ནས་འགོ་རྩོམ་པ་དང་། གླེང་ཕྱོགས་ཀྱི་སྣེ་ཁྲིད་པ་སྟེ། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གསར་འགྱུར་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་དྲ་བ་ནན་དུ་བཏང་ནས། རྒྱ་ཆེའི་ཏང་ཡོན་མང་ཚོགས་རྣམས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་ནང་ཧུར་ཐག་སྒོས་ཞུགས་རྒྱུར་སྐུལ་སློང་བྱས་ཏེ། རྡོག་རྩ་གཅིག་སྒྲིལ་སྒོས་རིམས་ནད་འགོག་རྒོལ་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྡུད་བྱས་པ་རེད།
        དཀར་མཛེས་རྫོང་གིས་འཕྲལ་མ་ཉིད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་གླེང་ཕྱོགས་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ནས་《ཏོག་དབྱིབས་ནད་དུག་གསར་པའི་སྔོན་འགོག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ཇུས་གཞི》བཟོས་ནས་འགྲེམས་སྤེལ་བྱས་ཏེ། རྩ་འཛུགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་འགན་འཁྲི་ཞིབ་ཚགས་སུ་བཏང་ནས་རྫོང་ཡོངས་ཀྱི་རིམས་ནད་དྲིལ་སྒྲོག་དང་ལས་ཀའི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཅིང་།  རྫོང་གི་གསར་འགྱུར་དྲིལ་སྒྲོག་མ་ལག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་ཚོགས་འདུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་དྲིལ་སྒྲོག་ཇུས་འགོད་ཚོགས་འདུ་བསྡུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་སློབ་གསོ་དང་གླེང་ཕྱོགས་ཁྲིད་སྟོན་ལས་དོན་ཕྱོགས་ཡོངས་ནས་ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་པ་རེད།
        དཀར་མཛེས་རྫོང་གིས་དྲིལ་སྒྲོག་ཡོ་བྱད་སྣ་ཚོགས་བེད་སྤྱད་དེ་དྲིལ་སྒྲོག་སློབ་གསོ་ལེགས་པར་སྤེལ་བ་སྟེ། གྲོང་ཚོ་ཡོངས་སུ་གྲགས་པ་ཞེས་པའི་སྒྲ་ཆས་དང་། ལག་འཁྱེར་སྒྲ་ཆས། སྦྲང་མ་ཆུང་ཆུང་རྟགས་ཅན་གྱི་གཏོང་ཆས་བཅས་ནི་མེད་དུ་མི་རུང་བའི་ཁྱབ་སྒྲོག་སྐད་སྦུག་ལྟ་བུར་གྱུར་ཡོད་ཅིང་། མུ་མཐུད་ཁྱིམ་ཚང་རེ་རེ་ལ་ཁྱབ་བསྒྲགས་བྱས་ནས་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་དང་འགོག་སྲུང་ཤེས་བྱ་ཞིང་སྡེའི་ཁྱིམ་ཚང་སོ་སོར་སྤེལ།   ཕྱོགས་ཡོངས་དང་ཁྱབ་རྒྱ་ཆེ་བ། དེ་མིན་རྣམ་པ་མང་པོའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་ལ་སྐུལ་འདེད་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་གྲོང་ཚོ་དང་། དགོན་སྡེ། ཞིང་གྲོང་བཅས་སུ་ཁྱབ་པར་བྱས་པ་རེད། མིག་སྔའི་བར་ལས་ཁུངས་ཁག་དང་ཤང་དང་གྲོང་རྡལ་ཁག་གི་དྲིལ་སྒྲོག་རུ་ཁག་219བཙུགས་པ་དང་། ཐེངས་4500ལྷག་ཙམ་ལ་ཁྱབ་བསྒྲགས་བྱས་ཅིང་། དེའང་ཤང་དང་གྲོང་རྡལ་22དང་། སྲིད་འཛིན་གྲོང་ཚོ་219དང་དེ་བཞིན་མང་ཚོགས་ཁྲི་4.1ལྷག་ཙམ་ལ་ཁྱབ་ཡོད་པས། དྲིལ་བསྒྲགས་བྱེད་ཚད་100%ཟིན་པ་རེད།
        དཀར་མཛེས་རྫོང་གིས་དྲིལ་སྒྲོག་ཡོ་བྱད་སྣ་ཚོགས་བེད་སྤྱད་དེ་དྲིལ་སྒྲོག་སློབ་གསོ་ལེགས་པར་སྤེལ་བ་སྟེ། གྲོང་ཚོ་ཡོངས་སུ་གྲགས་པ་ཞེས་པའི་སྒྲ་ཆས་དང་། ལག་འཁྱེར་སྒྲ་ཆས། སྦྲང་མ་ཆུང་ཆུང་རྟགས་ཅན་གྱི་གཏོང་ཆས་བཅས་ནི་མེད་དུ་མི་རུང་བའི་ཁྱབ་སྒྲོག་སྐད་སྦུག་ལྟ་བུར་གྱུར་ཡོད།
        ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། དཀར་མཛེས་རྫོང་གི་གསར་འགྱུར་ལས་ཁུངས་ཁག་གིས་མགྱོགས་མྱུར་ངང་ཉིན་ཧྲིལ་བོ་དང་ཕྱོགས་མང་པོའི་སྒོ་ནས་རིམས་འགོག་གཡུལ་ས་རུ་གསར་འགྱུར་སྤེལ་བ་དང་།   ཆ་འཕྲིན་ཡོངས་བསྒྲགས་དང་། མཉམ་འགོག་མཉམ་བཅོས། འགོག་སྲུང་ཤེས་བྱ་བཅར་འདྲི་སོགས་ལ་དམིགས་ཏེ། སྨྱན་སྦྱོར་ཡོངས་སུ་ཆ་འཕྲིན་མགྱོགས་མྱུར་བཏང་བ་རེད། ཆེད་དོན་ཆེད་བསྒྲིགས་ལེ་ཚན་བཀོད་དེ་ཀྲུང་དབྱང་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ་བཅས་ཀྱི་གཙོ་རྒྱུག་སྨྱན་སྦྱོར་གྱི་དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་བརྒྱུད་གཏོང་བྱས་པ་དང་། སྲིད་དོན་ཆ་འཕྲིན་དང་། རིམས་ནད་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཆ་འཕྲིན། ཚན་རིག་ཁྱབ་གདལ་ཆ་འཕྲིན། རིམས་ནད་སྔོན་འགོག་ཚོད་འཛིན་ཀྱི་ཐབས་ལམ་འགོག་སྲུང་ཤེས་བྱ་བཅས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་རིགས་མི་འདྲ་བའི་སྨྱན་སྦྱོར་ཁག་གིས་རིམས་ནད་ཀྱི་འབྲེལ་ཡོད་ཆ་འཕྲིན་280ལྷག་ཙམ་སྤེལ་བ་དང་། ལྟ་ཀློག་བྱེད་ཚད་ཁྲི་26ཟིན་པ། རིམས་ནད་ཀྱི་སྦྱར་ཡིག་(བོད་ཡིག་དང་རྒྱ་ཡིག)ཐེངས་གྲངས་158དང་། རིམས་ནད་ཀྱི་བརྡ་ཁྱབ་9དང་། སྤྱི་ཕན་ཁྱབ་བསྒྲགས་12བཅས་བཏང་བ་དང་། གཙོ་རྒྱུག་སྨྱན་སྦྱོར་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་རྩོམ་ཡིག་47བེད་སྤྱོད་བྱས་ཡོད།
མང་ཚོགས་ཀྱིས་ཁྱིམ་དུ་སྦྲང་མ་ཆུང་ཆུང་རྟགས་ཅན་གྱི་གཏོང་ཆས་སྤྱད་དེ་རིམས་འགོག་ཤེས་བྱ་ཤེས་རྟོགས་བྱེད་པ།
        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་འཐབ་འཁྲུག་ཁྲོད། དཀར་མཛེས་རྫོང་གིས་གླེང་ཕྱོགས་ཀྱི་གནས་ཚུལ་མགྱོགས་མྱུར་ཐག་གཅོད་བྱེད་པའི་ལམ་སྲོལ་དང་གླེང་ཕྱོགས་ཀྱི་གནས་ཚུལ་མཐུན་སྦྱོར་མཉམ་འབྲེལ་བྱེད་པའི་ལམ་སྲོལ་བཙུགས་ནས། གླེང་ཕྱོགས་ཀྱི་འགག་སྒོ་ཡག་པོ་སྲུང་བ་དང་གླེང་ཕྱོགས་ཀྱི་མཁར་རྫོང་བརྟན་པོར་བསྐྲུན་པ་རེད། ཆུ་ཚོད་24ཡི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། གླེང་ཕྱོགས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རེས་བཀོད་སྒྲིག་བྱེད་པ་བཅས་བརྒྱུད་དེ། དྲ་ཚིགས་དང་། གླེང་སྟེགས། སྨྱན་སྦྱོར་གསར་པའི་ལས་སྟེགས་བཅས་དང་། དེ་མིན་སྐད་འཕྲིན་སྤྱི་རྟགས་དང་། པོད་ཕྲན། QQ སྒྲ་འགུལ། མཛེས་བརྙན་སོགས་ཀྱི་རིམ་པ་གཙོར་དམིགས་ཏེ།  དྲ་རྒྱ་ཧྲིལ་པོར་ལྟ་ཞིབ་བྱེད་པ་དང་། ཆད་ལུས་མེད་པའི་སྒོ་ནས་དུས་ཐོག་ཏུ་ཤེས་རྟོགས་དང་། དུས་ཐོག་ཏུ་དབྱེ་ཞིབ་དང་ཐག་གཅོད་བྱེད་པ། དུས་ཚོད་དང་པོར་ཡར་ཞུ་ཐུབ་པ་བཅས་ལ་འགན་ལེན་བྱས་པ་རེད།  དྲ་རྒྱའི་བདེ་འཇགས་དང་། དཔལ་འབྱོར་ཆ་འཕྲིན། གློག་འཕྲིན། འགུལ་འཕྲིན་སོགས་དྲ་རྒྱའི་ཆ་འཕྲིན་ལས་ཁུངས་ཀྱི་གླེང་ཕྱོགས་གནས་ཚུལ་ལ་ལྟ་ཞིབ་བྱེད་པའི་སྟོབས་ཤུགས་གཅིག་གྱུར་འཆར་བཀོད་བྱེད་པ་དང་། ཤང་དང་གྲོང་རྡལ་ཁག་དང་ལས་ཁུངས་ཁག་གིས་དྲ་རྒྱའི་གླེང་ཕྱོགས་གནས་ཚུལ་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་ལྟ་སྐུལ་ཚོད་འཛིན་བྱེད་པའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། རིམས་ནད་དང་འབྲེལ་བ་ཡོད་པའི་དྲ་ཐོག་གི་ལྡོག་ཕྱོགས་དང་གནོད་ལྡན་ཆ་འཕྲིན་དུས་ཐོག་ཏུ་བསྡུ་རུབ་དང་ཕྱོགས་བསྡུས་བྱེད་པ་དང་། གླེང་ཕྱོགས་ཀྱི་དྲ་ཐོག་གནས་ཚུལ་དང་ས་གནས་ཀྱི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ནས། དུས་ལྟར་ཕྱོགས་བསྡུས་ཡར་ཞུ་དང་དབྱེ་ཞིབ་བརྡར་གཅོད་བྱེད་པ་བཅས་ལ་འགན་ལེན་བྱས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1