གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༣ཉིན།

མཚོ་བོད་མཐོ་སྒང་ནི་ཤ་གཟན་སྲོག་ཆགས་ཆེ་གྲས་ཀྱི་རིགས་ཆེས་མང་ས་ཡིན་པ།


     ། ཟླ་3ཚེས་9ཉིན། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གཙང་གསུམ་ཆུ་འགོའི་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས་ངོ་སྤྲོད་བྱས་པ་སྟེ། ཉེ་བའི་ལོ་འགའི་རིང་ལྟ་ཞིབ་དཔྱད་ལེན་བྱས་པའི་དམར་ཕྱིའི་པར་ཆས་ཀྱིས་པར་འབུམ་ལྷག་དང་བརྙན་ཁྲི་ལྷག་བླངས་པར་དབྱེ་ཞིབ་བྱས་པའི་མཇུག་འབྲས་ནང་། གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འཛམ་གླིང་ཐོག་གི་གཟན་ཕྲེང་ཆེས་འཐུས་ཚང་ཡིན་པའི་ས་ཁུལ་ཁྲོད་ཀྱི་གཅིག་ཡིན་པ་དང་། དུས་མཉམ་དུ། མཚོ་བོད་མཐོ་སྒང་ནི་མིག་སྔར་འཛམ་གླིང་ཐོག་ཤ་གཟན་སྲོག་ཆགས་ཆེ་གྲས་ཀྱི་རིགས་ཆེས་མང་ས་དེའང་ཡིན་པ་རེད།
    གནའ་ནས་“གླིང་སྣེ་གསུམ་པ”ཡི་མཚན་སྙན་ཡོད་པའི་མཚོ་བོད་མཐོ་སྒང་ནི་གོ་ལ་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་ཅན་འདུས་ཡོད་པའི་ས་ཁུལ་ཡིན་པ་དང་།ས་ཁུལ་དེ་ནི་མཚོ་སྔོན་དང་བོད་ལྗོངས། ཤིན་ཅང་། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་མཐོ་སྒང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་257.2དང་འབྲེལ་ཡོད་པ་དང་། དམིགས་བསལ་གྱི་མཐོ་སྒང་གི་སྐྱེ་ཁམས་མ་ལག་ལྡན་ཡོད།
    ཀྲའོ་ཞང་གིས་ངོ་སྤྲོད་བྱས་དོན།མཚོ་བོད་མཐོ་སྒང་དུ་ཤ་གཟན་སྲོག་ཆགས་ཆེ་གྲས་རིགས་8ཡོད་པ་དང་། ཉེ་བའི་ལོ་འགའི་ནང་དུ་མཚོ་སྔོན་དང་བོད་ལྗོངས་ཞིང་ཆེན་དང་ལྗོངས་གཉིས་ཀྱི་དམར་ཕྱིའི་པར་ཆས་ཀྱིས་ལྟ་ཞིབ་ཟིན་ཐོ་བཀོད་ཡོད་ཅིང་། དེའི་ཁྲོད་དུ་མཚོ་སྔོན་གཙང་གསུམ་ཆུ་འགོ་ས་ཁུལ་དུ་བཙུགས་པའི་དམར་ཕྱིའི་པར་ཆས་ཀྱིས་གསའ་དང་། གཟིག་ཁྲ། སྤྱང་། དྲེད་མོང་། འཕར་བ། དབྱི་སོགས་ཤ་གཟན་སྲོག་ཆགས་ཆེ་གྲས་རིགས་6ཟིན་ཐོར་ཕབ་ཡོད།
    ཧི་མ་ལ་ཡའི་འཕྱི་བ་དཔེ་བླངས་ན། དེའི་ས་ཕུག་གིས་མཚོ་བོད་མཐོ་སྒང་གི་སྲོག་ཆགས་མང་པོ་ལ་ཡིབ་ས་དང་། སྐྱེ་འཕེལ་བྱེད་སའི་ཚང་མཁོ་སྤྲོད་བྱས་ཡོད་པ་དང་། ཡང་ཧི་མ་ལ་ཡའི་འཕྱི་བ་ནི་མ་གཞི་ནས་ཟས་རིགས་གཅིག་ཡིན་པའི་ངོས་ནས་ཤ་གཟན་སྲོག་ཆགས་རིགས་10ལྷག་ལ་ཟས་མཁོ་འདོན་བྱེད་བཞིན་ཡོད་ལ།མཐོ་སྒང་གི་གཟན་ཕྲེང་ཁྲོད་ཀྱི་ཟས་རིགས་ཧ་ཅང་གལ་ཆེན་ཞིག་རེད།
    ཧི་མ་ལ་ཡའི་འཕྱི་བའི་རིགས་དང་འདྲ་བའི་སྲོག་ཆགས་ཀྱི་རིགས་ལ་ད་དུང་ཨ་བྲ་ཡོད་པ་དང་། ཨ་བྲ་ནི་སྤྱང་ཀི་དང་དྲེད་མོང་གི་ཁ་ཟས་ཡིན་ཞིང་། དེ་ནི་འོ་འཐུང་སྲོག་ཆགས་རིགས་20ནས་30བར་དང་དེ་བཞིན་དུ་མཐོ་སྒང་གི་བྱ་རིགས་གཏུམ་པོའི་ཟས་རིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།
    “འཕྱི་བ་དང་ཨ་བྲ་མེད་ན།ཤ་གཟན་སྲོག་ཆགས་ཆེ་གྲས་རྩེ་གྲ་སོགས་ཀྱང་མེད་པ་རེད།”ཅེས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་གསར་གཏོད་པ།པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལུའུ་ཀྲི་ཡིས་བཤད།མཚོ་བོད་མཐོ་སྒང་གི་ཤ་གཟན་སྲོག་ཆགས་ཆེ་གྲས་ཀྱི་རིགས་ནི་གོ་ལ་ཡོངས་ཀྱི་ཆེས་མང་བ་དེ་ཡིན། ཧྥེ་གླིང་དུ་ཤ་གཟན་སྲོག་ཆགས་ཆེ་གྲས་ཀྱི་ཁ་གྲངས་མང་པོ་ཡོད་ཀྱང་རིགས་7ལས་མེད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1