གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༡༦ཉིན།

དབུལ་ཕོངས་དུད་ཚང་ནས་ཕྱུག་འགྱུར་འཇོན་ཐང་ཅན་བར། བོད་རིགས་གྲོང་མི་སུང་ཐན་ཀྲུའུ་ཡི་“འགྱུར་ལྡོག”ཟིན་ཐོ།


    ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་3000ལྷག་གནས་སྒོར་ཁྲི་20བར་བརྒལ་ཏེ་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་གྲོང་རྡལ་དར་ལུང་གོང་མ་གྲོང་སྡེའི་གྲོང་མི་སུང་ཐན་ཀྲུའུ་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཏུ་གྱུར་བ་རེད།
    2013ལོར། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ངོས་འཛིན་བྱས་རྗེས། སུང་ཐན་ཀྲུའུ་ཡིས་ཡང་ཡང་བསམ་གཞིག་བྱས་ནས་དབུལ་སྐྱོར་དངུལ་བུན་ལ་བརྟེན་ཏེ་ནོར་ལུག་གསོ་ཚགས་བྱ་རྒྱུ་ཐག་བཅད་པ་རེད། ལོ་འགའི་རིང་འབད་བརྩོན་བྱས་པ་བརྒྱུད། སུང་ཐན་ཀྲུའུ་ཡི་གསོ་ཚགས་ཀྱི་གཞི་ཁྱོན་ཇེ་ཆེར་ཕྱིན་པ་དང་། ཁྱིམ་དུ་འབྲི་གཡག་དཀར་པོ་40དང་ལུག་380གསོས་ཡོད། ཁོང་གིས་ད་དུང་མཉམ་ལས་ཁང་བཙུགས་ནས་ཉེ་འཁོར་གྱི་གྲོང་མི་སྣེ་ཁྲིད་དེ་མཉམ་དུ་གཞི་ཁྱོན་ཅན་གྱི་གསོ་ཚགས་གཉེར་བ་རེད།

    ཉེ་བའི་ལོ་འགའི་རིང་། དར་ལུང་གོང་མ་གྲོང་སྡེའི་རྩྭ་ཐང་རྒྱ་ཆེ་བ་དང་། རྩྭ་ཁ་བཟང་བའི་རང་བྱུང་ཆ་རྐྱེན་ལ་བརྟེན་ནས། ས་གནས་དེའི་སྲིད་གཞུང་གིས་ནུས་ཤུགས་ཆེན་པོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ཡོད། སུང་ཐན་ཀྲུའུ་ཡིས་རང་ཁྱིམ་གྱི་རྩྭ་ཐང་དང་གཟན་རྩྭ་རྭ་བའི་ཐོན་ཁུངས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ནས་ཡོང་འབབ་བགོས་ཐོབ་ལོངས་སྤྱོད་བྱེད་པ་མ་ཟད། ད་དུང་རྟ་གསོས་ནས་ཡུལ་སྐོར་བར་རྟ་བཞོན་རྒྱུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། གསོ་ཚགས་ལས་རིགས་དང་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་ལས་སུང་ཐན་ཀྲུའུ་ཡི་ཁྱིམ་གྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ཇེ་ལེགས་སུ་འགྲོ་བཞིན་ཡོད།


 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1