ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་དངོས་སུ་སྤྱོད་འགོ་ཚུགས་པ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-24


         སྤྱི་ཟླ་11པའི་ཚེས་20ཉིན། ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཁྲུན་ཧྲན་མཛད་སྒོར་ཞུགས་ཏེ་ལས་གཞི་དངོས་སུ་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

       ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་འདི་ནི་རྒྱལ་ཁབ་གློག་དྲ་སྤྱི་གཉེར་ཁང་གིས་མ་དངུལ་སྒོར་དུང་ཕྱུར་66.3བཏང་ནས། ཟླ་བརྒྱད་རིང་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ལས་གཞི་དེས་འབྱུང་འགྱུར་གྱི་ལོ་དུ་མའི་རིང་བོད་ལྗོངས་ཆབ་མདོ་ས་ཁུལ་དང་སི་ཁྲོན་དཀར་མཛེས་ལྷོ་རྒྱུད་ས་ཁུལ་གྱི་གློག་མཁོ་འདོན་ཐད་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་མ་ཟད། ཆབ་མདོ་ས་ཁུལ་གྱི་མི་ཁྲི་50ལྷག་གི་གློག་བཀོལ་སྤྱོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་ཡིན་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1