ལི་ཐང་རྫོང་གི་གློག་ཤུགས་ཞབས་ཞུ་མི་སྣ་ས་བབ་མཐོ་ཚད་སྨི་4600ཟིན་པའི་འབྲོག་ཁུལ་གྱི་རྒན་གསོ་ཁང་དུ་བསྐྱོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 03-18



        ཟླ་3ཚེས་14ཉིན། རྒྱལ་ཁབ་གློག་དྲ་ལི་ཐང་རྫོང་གློག་འདོན་ཀུང་སིའི་ཧྲིན་ཅེ་ཤང་པ་ཞབས་ཞུ་རུ་ཁག་དང་། སྐུད་ལམ་སྐྱེལ་འདྲེན་ཞིབ་བཤེར་པུའུ། ཚོང་གཉེར་པུའུ་བཅས་ཀྱི་ལས་མི་10ལྷག་ཙམ་གྱིས་འོ་མ་དང་ཁ་རས་སོགས་འཚམས་འདྲིའི་དངོས་པོ་ཁྱེར་ནས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་མཁར་དང་བར་ཐག་སྤྱི་ལེ་80ལྷག་ཙམ་ཡོད་པ་དང་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་ཟིན་པའི་འབྲོག་ཁུལ་གྱི་སྡེ་གཞུང་མ་ཤང་གི་རྒན་གསོ་ཁང་དུ་སོང་ནས་རྒན་གསོ་ཁང་གི་རྒན་རྒོན་རྣམས་ལ་འཚམས་འདྲི་གནང་བ་དང་འབྲེལ་རྒན་གསོ་ཁང་གི་གློག་ལམ་ལ་ཞིབ་བཤེར་དང་ཞིག་གསོ་བྱས། 
ལས་དོན་མི་སྣས་རྒན་གསོ་ཁང་གི་གློག་ལམ་ལ་ཞིབ་བཤེར་དང་ཞིག་གསོ་བྱེད་པ།
        སྡེ་གཞུང་མ་ཤང་རྒན་གསོ་ཁང་དུ་ལོ་60ཡན་གྱི་རྒན་རྒོན་20ལྷག་ཙམ་ཡོད་ཅིང་། ལོ་ན་ཆེ་ཤོས་ནི་ལོ་83རེད། རྒན་རྒོན་ཚོ་འགྲོ་འདུག་སྟབས་བདེ་པོ་མེད་པ་དང་། ལ་ལར་རྒྱུན་དུ་ནད་ཕོག་པ་དང་། ལ་ལས་འཚོ་བའི་འགྲོ་འདུག་སོགས་ཀྱི་ཐད་ནས་རང་མགོ་མི་ཐོན་པས།  ལི་ཐང་རྫོང་གློག་འདོན་ཀུང་སིས་སྡེ་གཞུང་མ་ཤང་རྒན་གསོ་ཁང་གི་རྒན་རྒོན་ནི་ཁོ་ཚོའི་རོགས་རམ་བྱ་ཡུལ་གལ་ཆེན་དུ་བརྩིས་ཏེ། དུས་བཀག་ལྟར་ལས་དོན་མི་སྣ་རྩ་འཛུགས་བྱས་ནས་རྒན་རྒོན་རྣམས་ལ་བལྟ་རུ་འགྲོ་བཞིན་ཡོད།
ཞབས་ཞུའི་རུ་མི་དང་རྒན་གསོ་ཁང་གི་རྒན་རྒོན་རྣམས་ཀྱིས་མཉམ་དུ་ཁ་བརྡ་བྱེད་པ།
        ཞབས་ཞུ་རུ་ཁག་གི་རུ་མི་ཚོས་རྒན་རྒོན་རྣམས་ལ་ངག་འཇམ་པོའི་སྒོ་ནས་སྐད་ཆ་ཤོད་པ་དང་། ཧ་ཅང་ཞིབ་ཚགས་ཀྱི་སྒོ་ནས་ཞབས་ཞུ་བྱེད་པ། སྙིང་ཉེ་བའི་སྒོ་ནས་ཁ་བརྡ་བཅས་བྱས་ལ། རྒན་རྒོན་ཚོའི་འཚོ་བའི་གནས་ཚུལ་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ་སྐོར་ཞིབ་ཕྲའི་སྒོ་ནས་བཀའ་འདྲི་གནང་བ་དང་།  བོད་སྐད་ཀྱི་ལམ་ནས་རྒན་རྒོན་ཚོར་བདེ་འཇགས་ངང་གློག་སྤྱོད་པའི་རྒྱུན་ཤེས་གསལ་བཤད་བྱས་ཤིང་། ཁོང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་བདེ་འཇགས་ངང་གློག་སྤྱོད་རྒྱུར་དོ་སྣང་བྱེད་དགོས་པའི་མངགས་བཅོལ་ཡང་གནང་བ་རེད། སྐུད་ལམ་སྐྱེལ་འདྲེན་ཞིབ་བཤེར་པུའུ་དང་ཚོང་གཉེར་པུའུ་ཡི་ལས་དོན་མི་སྣས་རྒན་གསོ་ཁང་གི་གློག་གི་སྐུད་ལམ་སྒྲིག་བཀོད་དང་ཁང་པའི་ནང་གི་གློག་ཆས་ལ་ཞིབ་ཚགས་སྒོས་ཞིབ་བཤེར་བྱས་ཏེ། རྙིང་འགྱུར་དང་སྐྱོན་ཤོར་བའི་གློག་སྒོ་དང་གློག་སྒྲོན་སོགས་བརྗེ་པོ་བརྒྱབ་པ་དང་། སྒྲིག་སྦྱོར་བརྟན་པོ་མེད་པའི་གློག་སྒོ་སྲ་བརྟན་དུ་བཏང་བས། རྒན་རྒོན་ཚོའི་གློག་སྤྱོད་ཀྱི་བདེ་འཇགས་རང་བཞིན་ཆེ་རུ་ཕྱིན་པ་དང་། གློག་སྤྱོད་བདེ་འཇགས་ཀྱི་འགལ་རྐྱེན་བསལ་ནས་རྒན་རྒོན་ཚོའི་གློག་སྤྱོད་བདེ་འཇགས་ལ་འགན་ལེན་ཐུབ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1