རིམས་ནད་འགོག་རྒོལ་ཐད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཚད་སྒོར་དུང་ཕྱུར་ཁྲི1.4ལས་བརྒལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 03-18


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སླར་ཡང་དངུལ་བུན་གཏོང་བ་དང་སླར་ཡང་སྔོན་སྤྲོད་སྲིད་ཇུས་ཀྱི་ནུས་པ་བཏོན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
        ཀྲུང་གོ་མི་དམངས་དངུལ་ཁང་དངུལ་ལོར་སྲིད་ཇུས་སིའི་སི་ཀྲང་སུན་གོ་ཧྥུང་གིས་ངོ་སྤྲོད་བྱས་པར། མི་དམངས་དངུལ་ཁང་གིས་ཟླ་1ཚེས་31ཉིན་རིམས་འགོག་ཆེད་དོན་གྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་3000བཏང་ཡོད། ཟླ་3ཚེས་13ཉིན་བར་ཆེད་དོན་གྱི་དངུལ་བུན་བསྐྱར་མ་སྒོར་དུང་ཕྱུར་1840བཏང་བ་དང་། རྒྱལ་ཡོངས་རང་བཞིན་གྱི་དངུལ་ཁང་9དང་ཞིང་ཆེན་དང་གྲོང་ཁྱེར་གྱི་ས་གནས་ཀྱི་ཁྲིམས་མིའི་དངུལ་ཁང་10ཡིས་གཙོ་གནད་ཁེ་ལས་4708ལ་གཟིགས་སྐྱོང་དངུལ་བུན་སྒོར་དུང་ཕྱུར་1821བཏང་ནས་གཟིགས་སྐྱོང་དངུལ་བུན་གྱི་དབང་སྣོན་ཆ་སྙོམས་ཁེ་སྤོགས་2.56%ཟིན་པ་དང་། ནོར་སྲིད་ཀྱི་སྐྱེད་གསབ་50%སྤྲད་རྗེས་དོན་དངོས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་མ་གནས་1.28%ཙམ་ཟིན་ཡོད་པ་རེད། མིག་སྔར་དངུལ་ཁང་གིས་གཟིགས་སྐྱོང་དངུལ་བུན་གཏོང་བའི་མྱུར་ཚད་ཉིན་ལྟར་སྒོར་དུང་ཕྱུར་100ཡན་རྒྱུན་འཁྱོངས་བྱས་ཡོད་པ་རེད།
        སུན་གོ་ཧྥུང་གིས“ཆེད་དོན་གྱི་དངུལ་བུན་བསྐྱར་མ་གཏོང་བའི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པ་དང་སྨན་སྤྱོད་དངོས་རྫས་ཀྱི་ཛ་དྲག་གི་རྣམ་པ་མངོན་གསལ་དོད་པོས་ཞི་ལྷོད་དུ་ཕྱིན་ནས་འཚོ་བའི་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོད”ཅེས་བཤད།
        ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྔར་བས་རྒྱབ་སྐྱོར་བྱ་ཆེད། ཟླ་2ཚེས་26ཉིན། མི་དམངས་དངུལ་ཁང་གིས་དངུལ་བུན་བསྐྱར་མ་གཏོང་བ་དང་སླར་ཡང་སྔོན་སྤྲོད་ཀྱི་གྲངས་བཅད་སྒོར་དུང་ཕྱུར་5000མང་དུ་བཏང་ནས་ཞིང་སྐྱོར་ཆུང་སྐྱོར་གྱི་དངུལ་བུན་བསྐྱར་མའི་སྐྱེད་ཀ་བརྒྱ་ཆའི་གྲངས་0.25དམའ་རུ་བཏང་ཡོད། སུན་གོ་ཧྥུང་གིས་སྲིད་ཇུས་འདིས་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་མང་པོར་མ་གནས་དམའ་བ་དང་ཀུན་ཕན་རང་བཞིན་མ་དངུལ་གྱི་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད།
        དངུལ་ཁང་འགན་བཅོལ་ལྟ་འདོམས་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཅུས་ཀྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཡེ་ཡན་ཧྥེས་དངུལ་རྩའི་དོ་དམ་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དཔྱིད་རྨོད་དཔྱིད་གྲབས་བཅས་དང་། དེ་བཞིན་ཕྲན་ཚེགས་ཁེ་ལས་ཀྱི་གནས་སྐབས་རང་བཞིན་གྱི་མ་སྐྱེད་འཇལ་སྤྲོད་ཀྱི་དུས་འགྱངས་སྲིད་ཇུས་བཅས་བཏོན་པ་དང་། ད་ལྟ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རིམས་ནད་འགོག་རྒོལ་ལ་མཁོ་འདོན་བྱས་པའི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.4ལས་བརྒལ་བ་དང་། ཟླ་1པོ་དང་2པར་ཡིད་རྟོན་དངུལ་བུན་དུས་མཚུངས་ལས་སྒོར་དུང་ཕྱུར་1300ཙམ་མང་དུ་བཏང་ཡོད་ཅེས་བཤད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1