རི་སྐྱེས་སྲོག་ཆགས་གླིང་གའི་ལས་འགོ་བསྐྱར་དུ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-19



    ཟླ་3ཚེས་16ཉིན་གྱི་ཞོགས་པར། དཔྱིད་ཀའི་ཉི་འོད་འོག མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གླིང་གའི་ནང་གི་“རྒྱལ་ཁབ་ཀྱི་ནོར་བུ”དོམ་ཁྲ་བཞི་ཡིས་“ལས་འགོ་བསྐྱར་ཚུགས”བྱས་ནས་སྐུ་མགྲོན་བསུས་པ། 
     ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གླིང་ག་ནི་ཟླ་3ཚེས་13ཉིན་ལས་འགོ་བསྐྱར་དུ་ཚུགས་པ་དང་། སྲོག་ཆགས་གླིང་ག་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་ཡོང་བར་འགན་སྲུང་དང་། ཡུལ་སྐོར་བའི་བདེ་འཇགས་ལ་འགན་སྲུང་། སྤྲོ་སྐྱིད་ལྡན་པའི་ངང་ལྗོངས་རྒྱུ་བྱ་ཐུབ་ཆེད། སྲོག་ཆགས་གླིང་ག་ཡིས་དེ་བསྟུན་གྱི་ལས་འགོ་བསྐྱར་ཚུགས་ཀྱི་ཇུས་གཞི་དང་རིམས་འགོག་ཚོད་འཛིན་གྱི་ཛ་དྲག་སྔོན་ཇུས་བཟོས་ཡོད།    
    མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གླིང་གའི་སྲོག་ཆགས་གསོ་མཁན་དབྱིན་ཧོ་ཞིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་འགོག་རིང་ལ། གླིང་ག་རུ་ཉིན་རྟག་པར་སྲོག་ཆགས་འགྲེམས་ཁུལ་དང་སྤྱི་སྤྱོད་ཞབས་ཞུ་ཁུལ་དུ་ཐེངས་མང་དང་ཁུལ་ཡོངས་སུ་དུག་སེལ་བྱེད་པ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་ཀྱི་བདེ་ཐང་གི་གནས་ཚུལ་ལ་ཞིབ་བཤེར་ཚགས་དམ་པོ་བྱེད་རྒྱུ་རེད།  
    “གོ་རིམ་རྗེས་མར། གླིང་གས་དྲ་རྒྱའི་སྤྱི་སྟེགས་བེད་སྤྱད་ནས། རིམ་བཞིན་དྲ་ཐོག་ནས་སྲོག་ཆགས་གླིང་གར་ཉུལ་རྒྱུ་དང་། རི་སྐྱེས་སྲོག་ཆགས་སྐོར་གྱི་ཚན་རིག་ཁྱབ་གདལ་སློབ་ཚན་སོགས་བྱེད་སྒོ་སྤེལ་ནས། མི་རྣམས་གླིང་གའི་ནང་གི་སྲོག་ཆགས་ལ་རྒྱུས་ལོན་སྔར་ལས་ལྷག་པ་བྱེད་དུ་འཇུག་རྒྱུ་ཡིན”ཞེས་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་གླིང་གའི་འགོ་འཛིན་གཞོན་པ་ཆི་ཞིན་ཀྲང་གིས་དེ་ལྟར་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1