རྟའུ་ཡི་ཏོག་གསར་གློ་ཚད་ཀྱི་ནད་པ་ཚང་མ་དྲག་ཟིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-19





        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། 2020ལོའི་ཟླ་3པའི་ཚེས་19ཉིན། རྟའུ་རྫོང་གི་ཆེས་མཇུག་མཐའི་ཏོག་གསར་གློ་ཚད་ནད་པ་དེ་ནད་ལས་དྲག་སྟེ་སྨན་ཁང་ནས་ཕྱིར་བུད། དེ་སྔའི་དཀར་མཛེས་ཁུལ་གྱི་ནད་པ་78༼རྟའུ་གྱི་73༽ཡོངས་རྫོགས་ནད་ལས་དྲག་སྟེ་སྨན་ཁང་ནས་ཕྱིར་བུད་ཟིན་པ་རེད།


        སྤྱི་ཟླ་1པོའི་ཚེས་27ཉིན་ནས་སྤྱི་ཟླ་3པའི་ཚེས་19ཉིན་བར། རྟའུ་ཡིས་ཉི་མ་འདི་ལ་རེ་ཞིང་སྒུགའདིའི་ཆེད་དུ་དཀར་མཛེས་ཁུལ་གྱིས་དམངས་སེམས་གཅིག་ཏུ་སྦྲེལ་ནས་འབད་བརྩོན་གང་མང་བྱས་ཡོད།
        དཀར་མཛེས་ཁུལ་གྱི་ནད་པ་དྲག་པའི་ཚད་100%ལ་མངོན་འགྱུར་བྱུང་ཞིང་། ནད་པ་ཚེས་ལ་འདས་ཚད་དང་སྨན་དོན་མི་སྣ་ལ་ནད་འགོས་ཚད་0ཡིན་པས། 0ཟུང་གི་དམིགས་ཡུལ་གྲུབ།

        ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་ལས། དུས་རིམ་རང་བཞིན་དང་། འགག་སྒྲོལ་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1