གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༣ཚེས་༢༠ཉིན།

རྟའུ་རྫོང་ནས་འགྲོ་ཆོག་གི་འདུག



     སྤྱི་ཟླ3པའི་ཚེས18ཉིན་དཀར་མཛེས་ཁུལ་འགྲིམ་འགྲུལ་ཅུས་དང་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཀྱིས་མཉམ་འབྲེལ་ཐོག《རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་ཁང་སར་ཡུལ་ཤོག་བར་གྱི་འགྲིམ་འགྲུལ་བཀག་སྡོམ་མི་དགོས་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཡོད་པ་རེད།
     《བརྡ་ཐོའི》ནང་མིག་སྔར་རྟའུ་རྫོང་གི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དམིགས་ནས་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་གསར་པར་ཁ་གཏད་གཅོག་པའི་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་མོས་མཐུན་ཐོབ་པ་བརྒྱུད་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་རྟའུ་རྫོང་ཁང་སར་ཡུལ་ཤོག་བར་གྱི་འགྲིམ་འགྲུལ་བཀག་སྡོམ་མི་དགོས་པའི་གཏན་འབེབས་བྱས་པ་དང་ད་ལྟའི་འབྲེལ་ཡོད་དོན་ཚན་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།
        གཅིག  སྤྱི་ཟླ3པའི་ཚེས19ཉིན་གྱི་ཆུ་ཚོད0ནས་བཟུང་དཀར་མཛེས་ཁུལ་བྱང་རྒྱུད་ཀྱི་རྒྱུ་ལམ་གཙོ་བོ་སྟེ་རྟའུ་རྫོང་དཔལ་སྨད་གྲོང་རྡལ་ནས་རྟའུ་རྫོང་ཁང་སར་ཡུལ་ཤོག་བར་གྱི་རྟའུ་རྫོང་གི་མངའ་ཁོངས་འགྲིམ་འགྲུལ་བཀག་སྡོམ་བྱེད་བཞིན་ཡོད་པ་དེ་མི་དགོས་པ་བཟོ་རྒྱུ།
        གཉིས། རྟའུ་རྫོང་གི“ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག”མུ་མཐུད་ནས་དོ་དམ་དང་ཚོད་འཛིན་ནན་པོ་རྒྱུན་འཁྱོངས་བྱ་དགོས་ལ། འཕྲལ་བསྟུན་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་འགན་སྲུང་དང་མང་ཚོགས་ཀྱི་འཚོ་བར་དགོས་ངེས་ཀྱི་དངོས་པོ།  ཛ་དྲག་གི་ལས་འགན་སྒྲུབ་མཁན་གྱི་རླངས་འཁོར་ཕུད་པའི་དེ་མིན་གྱི་རླངས་འཁོར་གཞན་པ་རྟའུ་རྫོང་མཁར་དུ་བསྐྱོད་མི་ཆོག།
        གསུམ། རྟའུ་རྫོང་གྲོང་མཁར་གྱི་ས་ཁོངས་བརྒལ་སྐབས་ལམ་བར་དུ་རླངས་འཁོར་འདུག་མི་ཆོག་པ་དང་འགྲུལ་པ་རླངས་འཁོར་དུ་ཡར་འཛུལ་མར་འབབ་བྱེད་མི་ཆོག།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1