ཨ་མེ་རི་ཁ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བདུན་ལས་བརྒལ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-20



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཅིན་ཕུའུ་སི་སློབ་ཆེན་གྱིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་ཉིན་གུང་གི་དུས་ཚོད་གཅིག་བར། ཨ་མེ་རི་ཁ་རུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བདུན་དང་སུམ་བརྒྱ་ཉེར་བཞིར་བསླེབས་པ་དང་། ནད་པ་བརྒྱ་དང་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

        གཞི་གྲངས་དེ་ནི་སློབ་ཆེན་དེས་ཏོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་ཕྱོགས་བསྡུས་བྱས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོའི་རིམས་ནད་གནས་ཚུལ་གྱི་སྙན་ལས་ཐོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1