སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་རྒྱལ་ཡོངས་སུ་བཀོལ་ཆོག་པ། སྐད་འཕྲིན་ནང་ནས་བཀོལ་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-20



         ཟླ3པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་རྒྱལ་ཡོངས་སུ་བཀོལ་ཆོག རྒྱལ་ཡོངས་འགན་བཅོལ་ནང་ཞུགས་མཁན་གྱི་མི་དུང་ཕྱུར13.5ལ་ཁྱབ་ཡོད། སྤྱོད་མཁན་གྱིས་སྐད་འཕྲིན་བརྒྱུད་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ནུས་སློང་བྱས་ཆོག་ལ། རྗེས་ཕྱོགས་སུ་སྨན་བཅོས་འགན་བཅོལ་གྱི་ཨང་རྟགས་རྒྱལ་ཡོངས་སུ་སྤྱོད་ཆོག་པས། ནད་བརྟེན་དང་སྨན་ཉོ་ཚང་མ“ཨང་གཅིག་ཤར་བགྲོད། གཱ་མེད་སྨན་བཅོས”བྱེད་ཐུབ།


        རྒྱལ་ཡོངས་ཀྱི་འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱི་APPའམ་ཡང་ན་སྐད་འཕྲིན་གྱི་ཐབས་ལམ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ནུས་སློང་བྱས་ཆོག “ཐེང་ཤུན་བདེ་ཐང”ཞེས་པའི་སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་དང“ངའི་སྨན་བཅོས་འགན་བཅོལ”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་སོགས་ཚུད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་སྤྱད་རྗེས་ནད་པས་ཆ་སྙོམས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྒུག་པའི་དུས་ཚོད་སྐར་མ43.6གྲོན་ཆུང་བྱ་ཐུབ།

“ཐེང་ཤུན་བདེ་ཐང”ཞེས་པའི་བྱ་རིམ་ཆུང་ངུ་དཔེར་བཞག་ན། འགན་བཅོལ་ནང་ཞུགས་མཁན་གྱིས་སྐད་འཕྲིན་ཁ་ཕྱེས་རྗེས། “ང”-“དངུལ་སྤྲོད”-“སྨན་བཅོས་བདེ་ཐང”བཅས་གོ་རིམ་ལྟར་ཁ་ཕྱེ་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་རྟགས“འཕྲལ་མར་ནུས་སློང”རྡེབ་རྗེས་མཛུབ་ཁྲིད་ལ་གཞིགས་ནས་ཐོབ་ཐང་ར་སྤྲོད་དང“དབང་ཆ་སྤྲད་ནས་ནུས་སློང”བྱས་ན་ཆོག


        འགན་བཅོལ་ནང་ཞུགས་མཁན་གྱིས་སྐད་འཕྲིན་གྱི“དངུལ་སྤྲོད”དམ“སྨན་བཅོས་བདེ་ཐང”འཇུག་སྒོ་བརྒྱུད་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ནུས་སློང་བྱ་ཆོག
        སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ནི་སྨན་བཅོས་འགན་ལེན་གྱི་ཆ་འཕྲིན་ལས་སྟེགས་ཁྲོད་འགན་བཅོལ་ནང་ཞུགས་མཁན་གྱི་མཚོན་རྟགས་གཅིག་པུ་དེ་ཡིན་པ་དང་། འགན་བཅོལ་ནང་ཞུགས་མཁན་མི་རེར་ཨང་རྟགས་རེ་ཡོད་པའི་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་ཐོབ་ཐང་དཔང་འཛིན་ཞིག་ཀྱང་རེད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར13.5ལྷག་ཙམ་ཟིན་པ་དང་། རྒྱལ་ཡོངས་ཀྱི་གློག་རྡུལ་སྨན་བཅོས་འགན་བཅོལ་གྱི་དུས་རབས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། འབྱུང་འགྱུར་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་བརྒྱུད་ཐོབ་ཐང་ར་སྤྲོད་དང་དབང་ཆ་སྤྲོད་ལེན། སྨན་བཅོས་འགན་བཅོལ་གྱི་ཨང་བཤེར་གཏོང་སྤྲོད། ནད་བརྟག་རྩིས་རྒྱག དྲ་སྦྲེལ་སྨན་ཁང་གི་གཅོང་ནད་ཀྱི་མཐུད་རྩིས་རྒྱག་པ། སྨན་བཅོས་འགན་བཅོལ་གྱི་འདྲི་རྩད་སོགས་ཀྱི་རྣམ་པ་མང་པོར་བེད་སྤྱོད་བྱས་ཆོག
        སྨན་ཁང་དང་སྤྱི་ཚོགས་བདེ་ཐང་ལྟེ་གནས་སུ་འགན་བཅོལ་ནང་ཞུགས་མཁན་གྱིས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་ལ་བརྟེན་ནས་བྱང་བུ་མེད་པར་སྨན་བཅོས་བྱེད་ཆོག་པ་དང་། ཨང་རྟགས་བཤེར་ཚེ་ཡིག་ཚགས་བཟོ་བ་དང་། ཨང་ཐོ་འགོད་པ། གྲོན་དངུལ་སྤྲོད་པ། སྨན་ལེན་པ་སོགས་ཀྱི་གོ་རིམ་ཁྲོད་བེད་སྤྱད་ཆོག་པས། གྲལ་བསྒྲིགས་ནས་སྒུག་པ་དང་། ཡང་ཡང་རྒྱུག་པ་ཉུང་དུ་གཏོང་ཐུབ། སྨན་རྫས་ཚོང་ཁང་དུ་སྐད་འཕྲིན་ནང་གི་སྨན་བཅོས་འགན་བཅོལ་གྱི་ཨང་རྟགས་བཤེར་ཚེ་སྨན་བཅོས་འགན་བཅོལ་གྱིས་སྨན་ཉོ་ཆོག་པ་མ་ཟད། ད་དུང“ཨང་རྟགས”ཐོག་ནས་དངུལ་སྤྲོད་ཐུབ།
        སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་རྒྱལ་ཡོངས་སུ་ཤར་གཏོང་ཐུབ་པ་དང་ཆབས་ཅིག མ་འོངས་བར་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དེ་རྣམ་པ་དེ་བས་མང་བོར་ཁྱབ་ནས་འགན་བཅོལ་ནང་ཞུགས་མཁན་ལ་སྣ་མང་ཅན་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1